དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2025ལོའི་བོད་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣས་བོད་ཀྱི་ལོ་གསར་བསུ་བའི་གླུ་གཞས་འདུ་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-26

    ཉིན་ཤས་གོང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི“སེམས་ཤུགས་གཅིག་སྒྲིལ་གྱིས་འོད་སྟོང་གཏོད། གླུ་དབྱངས་སྙན་མོ—བོད་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣས་བོད་ཀྱི་ལོ་གསར་བསུ་བའི་གླུ་གཞས་འདུ་ཚོགས”ལྷ་ས་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་འདུ་ཚོགས་ལ་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཌ་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོཌ་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཤིས་ཚིག་བསྒྲོན་ཞིང་། རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་པ་དང་ཚོང་ཚོཌ་ཀྱི་འཐུས་མི་200ལྷག་ཙམ་གྱིས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཉན་ནས་དགའ་སྤྲོའི་ངང་བོད་ཀྱི་ལོ་གསར་བསུས་པ་རེད།

    རོལ་དབྱངས་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་ཐབས་ཧ་ཅང་ཡག་པོ་འདུག་ལ། དེ་བས་གདེང་ཚོད་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད། སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་དམངས་གཉེར་ཁེ་ལས་པས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།