བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།
2025ལོའི་ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཚེ་བརྟན།
འཐུས་མི་རྣམ་པ།
ངས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་པ་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།
2024ལོའི་ལས་དོན་གཙོ་བོ།
2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཞིག “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཚན་ཁག་གིས་འབད་འབུངས་དངོས་སྒྲུབ་བྱེད་པའི་གལ་ཆེའི་ལོ་ཞིག་བཅས་ཡིན། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། དེ་བཞིན་སྲིད་གཞུང་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་དོན་འཁྱོལ་ནན་ཏན་གྱིས“དོན་ཆེན་བཞི”ལ་དམིགས་ནས“འཛུགས་གཏོད་བཞི”ཡི་ཐད་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁྲིམས་ཁང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་མཛུབ་ཁྲིད་བླང་བྱ་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། “སྤྱི་ཡོངས་གཅིག་ལ་དམིགས་ཏེ་མཐོར་འདེགས་བརྒྱད་མངོན་འགྱུར་བྱེད་པའི”སྤྱི་ཡོངས་ཀྱི་བསམ་གཞི་ལྟར། ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱས་ནས་བོད་ལྗོངས་ཁྲིམས་ཁང་གི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་ཐུབ་པ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞིའི་ཁ་གྲངས་ཁྲི་10ལས་ཐོག་མར་བརྒལ་ཞིང་། ཁྱོན་བསྡོམས་གྱོད་གཞི་106575ཟིན་པ་དེ་དུས་མཚུངས་ལས་15.88%འཕར་བ་དང་འདྲི་གཅོད་དུས་བཅད་ནང་གྱོད་ཐག་བཅད་ཚད་99.8%ཟིན་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་1243བདག་སྤྲོད་བྱས་ནས་ལས་དོན་ཁག་དགེ་མཚན་ལྡན་པའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
གཅིག “བསམ་བློར་དྲན་སྐུལ་གཏོང་རྒྱུ”མཐའ་འཁྱོངས་ཀྱིས་ཆབ་སྲིད་ལ་ལྷག་བསམ་རྣམ་དག་ཞུ་སེམས་ཇེ་བརྟན་དུ་བཏང་བ།
(གཅིག) རྣམ་པར་དག་པའི་བསམ་བློ་བརྟན་པོར་བཙུགས་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཚད་གཞིའི་བླང་བྱ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཐོག་ནས། བློ་བརྟན་འགྱུར་མེད་ངང་ཏང་གིས་ཁྲིམས་ཁང་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》དང་། ལྗོངས་ཏང་ཨུད་ཀྱི་ལག་བསྟར་ཞིབ་སྲོལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་ཐབས་བཅས་ལག་ལེན་ནན་པོ་བསྟར་ནས་རིམ་མཚུངས་ཏང་ཨུད་དང་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལ་ལས་དོན་ཐེངས་1300ལྷག་ཙམ་དགོངས་སྐོར་སྙན་སེང་ཞུས་ཡོད། ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་བླང་བྱ་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《“སྤྱི་ཡོངས་གཅིག་ལ་དམ་པོར་དམིགས་ཏེ་མཐོར་འདེགས་བརྒྱད་མངོན་འགྱུར་བྱེད་པའི”ཐོག་ནས་ཁྲིམས་ཁང་ལས་དོན་གྱི་སྤྱི་ཡོངས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》སོགས་ལམ་ལུགས་དང་ལམ་སྲོལ་20ལྷག་ཙམ་བཟོས་ཡོད།
(གཉིས) དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་བ། “གྲོས་གཞི་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། “ངེས་པར་དུ་སྦྱོང་དགོས་པ་དྲུག”མཐའ་འཁྱོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཐོག སློབ་སྦྱོང་གི་ཇུས་གཞི་དང་ལག་བསྟར་བསམ་འཆར་དེ་མ་ཉིད་དུ་བཏོན་ཏེ་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཙུའི་ཚོགས་འདུ་དང་། ཏང་ཙུའི་ཆེད་དོན་ཚོགས་འདུ། རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་བཅས་ཐེངས་63འཚོགས་པ་མ་ཟད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཆེད་དོན་ཟུར་ཁྲིད་དང་། དཔེ་ཀློག་འཛིན་གྲྭ “བོད་ལྗོངས་ཁྲིམས་ཁང་གི་འཆད་སྟེགས་ཆེ་མོ”བཅས་དུས་ཐེངས་26གཉེར་ཡོད། ཏང་འཛུགས་སྐྱོང་ལ་བརྟེན་ནས་དཔུང་ཁག་བསྐྱངས་ཏེ་འདྲི་གཅོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། “སྟོབས་ལྡན་བཞི”ཡི་ཀྲི་པུའུ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། “བཟང་པོ་བཞིའི”ཏང་ཡོན་བྱ་རྒྱུར་བརྩོན་ལེན་བྱས་ཁར། “ཀྲི་པུའུ་གཅིག་ལ་གྲགས་རྟགས་གཅིག”གཏོད་རྒྱུ་དེ་དམ་འཛིན་བྱེད་གནད་དུ་བཟུང་ནས《ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བཟོས་ཏེ་ཏང་གི་ཤེས་བྱའི་ཆེད་དོན་སློབ་ཁྲིད་དང“བློ་སེམས་དཀར་པོ་སྲོག་ཤིང་ལ་ཕྱོགས་ཞེས་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གླེང་སྟེགས”དུས་ཐེངས་36གཉེར་ཡོད་ལ། ཏང་ཀྲི་པུའུ་25ཡིས་སློབ་སྦྱོང་ཚོགས་འདུ་དུས་ཐེངས་28ཡི་ཚོགས་ཐེངས་758འཚོགས་ཡོད་པས། ལྗོངས་ཡོངས་ཀྱི་སྐབས་དང་པོའི“རིག་དཔལ་དར་བའི་ཚན་པ”ཞེས་པའི་མཚན་སྙན་ཐོབ་ཡོད།
(གསུམ) བསམ་བློའི་ཁ་ཕྱོགས་བརྟན་པོར་བཟུང་བ། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། དུས་བཀག་ཐོག་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཁྲིམས་འཇིན་ཁོངས་གཏོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། བོད་ལྗོངས་ཁྲིམས་ཁང་གི“གཏམ་རྒྱུད་ལྔ”ཡག་པོ་བཤད་དེ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་དོན་ཚོགས་འདུ་ཐོག་མ་དེ་འཚོགས་པ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“འཛུགས་གཏོད་བཞིར”འདེགས་སྐྱོར་དང་ཞབས་འདེགས་ཞུ་བའི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ཐེངས་2འཚོགས་པ། ཀྲུང་དབྱང་སྨྱན་སྦྱོར་དང་། ཀྲུང་དབྱང་སྲིད་ཁྲིམས་སྨྱན་སྦྱོར། དེ་བཞིན་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོ་དང་ཁྲིམས་ཁང་གི་རང་སྨྱན་སྦྱོར་བཅས་ཀྱིས་རྩོམ་ཡིག་1100ལྷག་ཙམ་དང་ཆ་འཕྲིན་ཁྲི་2.1ལྷག་ཙམ་འགྲེམ་བསྒྲགས་བྱས་ཡོད། ཤག་ཆུ་གྲོང་རྡལ་གྱི“ཁྱིམ་མཚེས་ཁྲིམས་རའི”གནས་ཚུལ་སྤེལ་གཏོང་བྱེད་ལམ་དང་གཞིས་རྩེའི་ཁྲིམས་དཔོན་གཅིག་ལ་ཁག་སོ་སོར་རང་སྐྱོང་ལྗོངས་ཀྱི་ལོ་འཁོར“ཁྲིམས་སྐྱོང་གསར་འགྱུར”དང“ཁྲིམས་སྐྱོང་མི་སྣའི”མཚན་སྙན་ཐོབ་ཡོད། ནག་ཆུའི་འབྲིང་རིམ་ཁྲིམས་ཁང་གི《ཁྲིམས་ར་ཆུང་ངུས་ནག་ཆུའི“ཧྥེང་ཆའོ”ཡི་ཉམས་བཟང་མངོན》ཞེས་པར་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གི་དྲ་ཐོག་དྲིལ་བསྒྲགས་བྱས་འབྲས་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད།
གཉིས། “འགན་འཁྲི་ཕྲག་ཏུ་འཁུར་རྒྱུ”མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”རྩེ་གཅིག་ཏུ་དམིགས་པ་དང“འཛུགས་གཏོད་བཞི”ཡི་ཐད་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་སྔར་བས་འགན་སེམས་ཁུར་ལེན་བྱས་པ།
(གཅིག) སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་ཞབས་འདེགས་ཞུས་ཏེ་ཉེས་དོན་གྱོད་གཞི་ཁྲིམས་བཞིན་འདྲི་གཅོད་མཐའ་འདོམས་བྱས་པ།
གཅིག་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་སྟེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་བཞིན་ཆད་གཅོད་ནན་པོ་བྱས་པ་མ་ཟད། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། དུས་རྒྱུན་དུ་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་བ། དུག་རྫས་ཉེས་གསོག་གི་གྱོད་གཞིར་དབྱེ་ཞིབ་མཐའ་དཔྱོད་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
གཉིས་ནི་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་འགན་སྲུང་བྱས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་གནོད་འཚེ་གཏོང་བའི་གཏུམ་སྤྱོད་ཉེས་གསོག་ལ་ཁྲིམས་བཞིན་ཁྲིམས་ཆད་ནན་པོ་བཅད་དེ། རྐང་བཙུགས་ནས་མི་བསད་པ་དང་། བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ་སོགས་ཀྱི་གྱོད་གཞིར་འདྲི་གཅོད་མཐའ་འདོམས་བྱས་ཤིང་། གྲི་འཕྱར་ངན་སྡོམ་བྱས་ཏེ“ཁྱིམ་ཚང་ཁྲི་སྟོང”མང་པོའི་བདེ་འཇགས་བསྲུངས་ཡོད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དེ་འབྲེལ་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་བཅད་ནས། གྱོད་གཞི་159དང་འབྲེལ་བའི་མི་244ལ་འདྲི་གཅོད་མཐའ་འདོམས་བྱས་ཏེ་མང་ཚོགས་ཀྱི“དངུལ་ཁུག”ཡག་པོ་བསྲུངས་ཡོད། ཉེན་ཁ་ཡོད་བཞིན་དུ་འཁོར་རིགས་བཏང་བ་དང་འགྲིམ་འགྲུལ་ཆག་སྒོ་བཟོས་པའི་ཉེས་གསོག་གྱོད་གཞི་1026དང་འབྲེལ་བའི་མི་1035ལ་ཁྲིམས་ལྟར་འདྲི་གཅོད་མཐའ་འདོམས་བྱས་པས། “འགྲོ་ལམ་བདེ་འཇགས”འགན་སྲུང་བྱས་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐུལ་འདེད་གཏིང་ཟབ་བཏང་ནས《རང་ལྗོངས་ཀྱི་ལས་ཐོག་ཉེས་གསོག་གྱོད་གཞིའི་ཁྲོད་ཀྱི་རྣམ་གསར་རུལ་སུངས་དང་མངོན་མེད་རུལ་སུངས་གནས་ཚུལ་སྐོར་གྱི་སྙན་ཞུ》སྙན་འབུལ་ཞུས་ཤིང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གསལ་སྟོན་བྱ་རྒྱུ་དང་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུའི་སྐོར་གྱི་ཡིག་ཨང་3པའི་ཁྲིམས་འཛིན་གྲོས་འཆར་འགྲེམ་སྤེལ་བྱས་ཡོད། ལས་ཐོག་ཉེས་གསོག་གི་གྱོད་གཞི་87དང་འབྲེལ་བའི་མི་88འདྲི་གཅོད་མཐའ་འདོམས་བྱས་པ་དང་། དེ་སྔའི་ས་གནས་དང་ཐིང་རིམ་པའི་ལས་བྱེད་པ་11ལ་ཁྲིམས་ལྟར་ཆད་པ་བཅད་ཡོད། ནག་དངོས་ཕྱིར་སློག་དང་སྐྱིན་སྤྲོད་ཡག་པོ་བྱས་མེད་པ་སོགས་རང་ཉེས་གྱོད་བཤགས་མེད་པའི་ལས་ཐོག་ཉེས་གསོག་ཉེས་ཅན་གྱི་ཁྲིམས་ཆད་ཆག་ཡང་གྱོད་གཞི་3ལ་ཁྲིམས་ལྟར་ཁྲིམས་ཆད་ཡང་དུ་མི་གཏོང་བའི་ཁྲུན་ཐག་བཅད་ཡོད། ལྐོག་རྔན་སྤྲོད་ལེན་མཉམ་དུ་བཤེར་རྒྱུ་མཐའ་འཁྱོངས་ཀྱིས། ལྐོག་རྔན་སྒོར་ཁྲི་3655སྤྲོད་མཁན་གྱོད་ཡ་ཀྲོའུ་ཆེ་གེ་མོས་ལྐོག་རྔན་སྤྲད་པའི་ཉེས་པ་བསགས་པས། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོ་པར་དུས་བཀག་བཙོན་འཇུག་ལོ་བཅུ་དང་དངུལ་ཆད་བཏང་བ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་ཁྲིམས་བཞིན་གཞུང་བཞེས་བཏང་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་ཐོག་ནས་འགན་སྲུང་ཏན་ཏིག་བྱས་པ་དེའང་ཁྲིམས་བཞིན་ཉེས་གཅོད་དང་དོགས་ཡོད་ཉེས་མེད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མི་37ལ་ཁྲིམས་ལྟར་ཉེས་དོན་ཁྲིམས་ཆད་བཅད་མེད་པ་དང་། མི་5ལ་ཉེས་མེད་ཁྱབ་བསྒྲགས་བྱས་ཡོད། གྱོད་ཡ་དང་དག་འབུད་བྱེད་མཁན་གྱི་གཏུག་བཤེར་དབང་ཆ་འགན་སྲུང་གང་ལེགས་བྱས་ཏེ་མི་ཐེངས་1526ལ་དམིགས་འཛུགས་དག་འབུད་བྱས་ཡོད།
གསུམ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། “འགལ་ཟླ་དང་ཉེན་ཁ་བསལ་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི”ཆེད་དོན་བཅོས་སྐྱོང་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་མ་ཟད། གཞི་རིམ་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་མཐོར་འདེགས་ལས་འགུལ་ཧུར་ཐག་སྤེལ་བ་དང་། དུས་རབས་གསར་པའི“ཁྲིམས་ར་གཉིས”ཀྱིས“ལས་གཞི་ཆེན་པོ་དྲུག”འཛུགས་སྐྲུན་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་བ། ལྗོངས་ཁྲིམས་འཛིན་ཐིང་དང་མཉམ་འབྲེལ་ཐོག《གཏུག་འདུམ་འབྲེལ་མཐུད་བྱེད་པའི་ལས་དོན་སྤེལ་ཐབས(ཚོད་ལྟའི་ལག་བསྟར)སོགས་བཟོས་པ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི“ཁྲིམས་ར་གཉིས”དང“ཧྥེང་ཆའོ་རྣམ་པའི་མི་དམངས་ཁྲིམས་ར”འཛུགས་སྐྲུན་བྱེད་པའི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོཌ་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི“སྤྱི་དང་སྤྱི་གཏུག”གི་གཏུག་འདུམ་འབྲེལ་མཐུད་ལམ་སྲོལ་གྱི“གྲོགས་ཚོགས”12བར་མང་དུ་བཏང་ཞིང་། གཞི་རིམ་ཚན་པ་1014དང་། འདུམ་འགྲིག་རྩ་འཛུགས་599 འདུམ་འགྲིག་པ་1572བཅས་ལྗོངས་ཡོངས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་སུ་ཞུགས་ནས། གཏུག་བཤེར་མ་བརྒྱུད་པར་རྩོད་གཞི་25335འདུམ་འགྲིག་བྱས་པ་མ་ཟད། ཁྲིམས་འཛིན་གྱིས་ངོས་གཏན་འཁེལ་བའི་གྱོད་གཞི་5456ཐག་གཅོད་མཐའ་འདོམས་བྱས་པ་དང་། འདུམ་ཁྲ་3099བཏོན་པ། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཆེད་ལས་འདུམ་འགྲིག་བཅས་རྩ་འཛུགས་དང་མཉམ་འབྲེལ་ཐོག་རྩོད་གཞི་18137འདུམ་འགྲིག་བྱས་ཡོད། རང་རྟོགས་ངང་ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྲོས་འཆར་228བཟོ་འགྲེམས་བྱས་ཡོད། ནག་ཆུའི་ཁྲིམས་ཁང་གིས“བྱང”འདུམ་འགྲིག་ཞེས་པའི་གྲགས་རྟགས་བཏོད་ཅིང་། “ཀོ་ལུག་ཉམས་མྱོང”དེ་རྒྱལ་ཡོངས་ཁྲིམས་ཁང་གི་དུས་རབས་གསར་པའི་མི་དམངས་ཁྲིམས་ར་འཛུགས་སྐྱོང་གི་གྱོད་དཔེ་ཁག་དྲུག་པར་བདམས་ཐོན་བྱུང་ཡོད། ལྷོ་ཁའི་ཁྲིམས་ཁང་གིས“འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར+གྲོང་ཚོ(སྡེ་ཁུལ་དང་། ཁྲིམས་འཛིན་སོའོ། ལས་རིགས་སྡེ་ཚན་སོགས་ཀྱི“1+N”ཡི་རྩོད་གཞི་འདུམ་འགྲིག་བྱེད་རྣམ་བཏོད་དེ། འགལ་ཟླ་རྩོད་རྙོག་392གྲལ་བཤེར་ཐག་གཅོད་བྱས་ཡོད། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། 《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་2024ལོའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་ལས་ཀའི་འཆར་གཞི》བཟོས་ཏེ“ཁྲིམས་དཔོན་གྱིས་ཁྲིམས་ལུགས་གླེང་བ”དང“གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ”སོགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཐེངས་1900བྱས་པས། མང་ཚོགས་མི་ཐེངས་ཁྲི་20ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། མངའ་རིས་འབྲིང་རིམ་ཁྲིམས་ཁང་གི་བརྙན་ཐུང《ཟབ་འཇིངས》ཞེས་པར་རྒྱལ་ཡོངས་ཁྲིམས་ཁང་གི“གསེར་གྱི་ཁྲིམས་དབྱུག”སྐབས་བཅུ་གཅིག་པའི་ཕུལ་བྱུང་བྱ་དགའ་ཐོབ་ཡོད། གཏིང་སྐྱེས་ཁྲིམས་ཁང་གི《རང་ཉིད་ཁྲིམས་ལ་གཏུགས་པ་ལྟ་བུའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི“ཧྥེང་ཆའོ”ཉམས་བཟང་མངོན་པ》ཞེས་པའི་བརྩམས་ཆོས་དེ་རྒྱལ་ཡོངས་ཁྲིམས་ཁང་གི་སྨྱན་སྦྱོར་གསར་པའི་བརྩམས་ཆོས་བརྒྱ་ཡི་ཁོངས་སུ་བདམས་ཡོད།
(གཉིས) ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ། ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་ཞབས་འདེགས་ཞུས་ཏེ་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་43158དང་སྲིད་འཛིན་གྱོད་གཞི་518འདྲི་གཅོད་མཐའ་འདོམས་བྱས་པ།
གཅིག་ནི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བསྐྲུན་པ། “ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས། “ལས་སྤུས་དག་པོས་བྱ་བ་གང་ཞིག་སྒྲུབ་ཐུབ་པ་བྱ་རྒྱུའི”བླང་བྱ་ཁག་རང་རྟོགས་ངང་དོན་འཁྱོལ་བྱས་ཏེ་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་དཔྱད་གདེང་དམིགས་ཚད་མ་ལག་དང་བཀོལ་སྤྱོད་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》བཟོས་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་འཆད་སྟེགས་ཆེ་མོ”ཐེངས་2གཉེར་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁྲོད་བཅའ་ཁྲིམས་དང་འགལ་ཉེན་ཆེ་བའི་རྒྱུན་མཐོང་གནད་དོན་141ལ་དབྱེ་ཞིབ་བྱས་པ་མ་ཟད། 《བཅའ་ཁྲིམས་དང་འགལ་ཉེན་ཡོད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁེ་ལས་ཀྱི་ཕྱོགས་སྟོན》1000ལྷག་ཙམ་བཟོ་འགྲེམས་བྱས་ཏེ། ལྗོངས་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཡིག་ཨང་དང་པོའི་ཁྲིམས་འཛིན་གྲོས་འཆར་འགྲེམ་སྤེལ་བྱས་ཡོད། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས་ཁེ་ལས་དང་འབྲེལ་བའི་གྱོད་གཞི་19193འདྲི་གཅོད་མཐའ་འདོམས་བྱས་ཡོད། བུན་སྟོངས་ཁེ་ལས་ཁག་གོ་རིམ་ལྡན་པའི་ངང་ཁྲོམ་ར་ནས་དོན་རྒྱུར་སྐུལ་འདེད་བཏང་ནས་བུན་སྟོངས་རིགས་ཀྱི་གྱོད་གཞི་49འདྲི་གཅོད་མཐའ་འདོམས་བྱས་ཏེ་ཁྲོམ་རའི་ཐོན་ཁུངས་བགོ་སྒྲིག་གང་ལེགས་བྱ་རྒྱུར་རམ་འདེགས་བྱས་ཡོད།
གཉིས་ནི་གསར་གཏོད་ལ་བརྟེན་ནས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུས་པ། ཐོན་སྐྱེད་ནུས་ཤུགས་གསར་པ་དར་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་སྤེལ་བཏང་སྟེ་ཤེས་རིག་བདག་དབང་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་རིག་བདག་དབང་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་གྱོད་གཞི“རིགས་གསུམ་གཞི་གཅིག་ཏུ་སྒྲིལ་བའི”འདྲི་གཅོད་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཤེས་རིག་བདག་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་ཚོགས་འདུ་ཐོག་མ་དེ་འཚོགས་པ་མ་ཟད། དཔེ་མཚོན་གྱོད་དཔེ་ཁག་2གི་གྱོད་གཞི་10འགྲེམ་བསྒྲགས་བྱས་པ་དང་། ཤེས་རིག་བདག་དབང་གི་གྱོད་གཞི་334འདྲི་གཅོད་མཐའ་འདོམས་བྱས་ཡོད། ཤེས་རིག་བདག་དབང་ལ་བཙན་གནོད་བཏང་ཕྱིན་རྡུང་རྡེག་མཐའ་གཅིག་ཏུ་བཏང་དང་གཏོང་མུས་ཡིན་ཞིང་། ལྷ་ས་འབྲིང་རིམ་ཁྲིམས་ཁང་གིས་ཚོང་རྟགས་དབང་ཆར་གནོད་འཚེ་བཏང་བའི་རྩོད་གཞིའི་གྱོད་གཞི་གཅིག་ཐག་གཅོད་བྱས་པ་འདི་ལྟ་སྟེ། དབང་ཆར་གནོད་འཚེ་གཏོང་མཚམས་འཇོག་ཏུ་བཅུག་པའི་ཐོག་གྱོད་ཡར་ཆད་གཅོད་རང་བཞིན་གྱི་གུན་གསབ་སྤྲོད་རྒྱུའི་ཁྲིམས་ཐག་བཅད་ཡོད་པས། ཤེས་རིག་བདག་དབང་གི་གྱོད་གཞིར་ཆད་གཅོད་རང་བཞིན་གྱི་གུན་གསབ་འཇལ་བའི་སྔོན་དཔེ་བཏོད་ཡོད། ལྷོ་ཁ་ཁྲིམས་ཁང་གིས་ཁྲོམ་ར་ལྟ་འདོམས་དང་ཁྲིམས་འཛིན་སོགས་སྡེ་ཚན་དང་མཉམ་དུ《ཤེས་རིག་བདག་དབང་ཐད་ཀྱི་མི་དམངས་འདུམ་འགྲིག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་པ་མ་ཟད། ཤེས་རིག་བདག་དབང་གི་རྩོད་གཞི་ཐག་གཅོད་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པའི་ཕྱི་དབྱིབས་ཆེད་ཁེའི་དབང་གནོད་རྩོད་གཞིའི་གྱོད་གཞི་གཅིག“ཀྲུང་གོའི་ཁྲིམས་ཁང་གི་ཤེས་རིག་བདག་དབང་གི་གྱོད་གཞི་ཆེན་པོ་10དང་ཤེས་རིག་བདག་དབང་གི་དཔེ་མཚོན་གྱོད་དཔེ་50”ཡི་ཁོངས་སུ་བདམས་ཡོད།
གསུམ་ནི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། སྲིད་འཛིན་གྱོད་གཞིར་ཕྱོགས་ཡོངས་ནས་དབྱེ་ཞིབ་མཐའ་དཔྱོད་བྱས་ཏེ་ལྗོངས་ཏང་ཨུད་ཁྲིམས་བཞིན་བོད་སྐྱོང་གཞུང་དོན་ཁང་གི་མིང་ཐོག་ནས《ལྗོངས་ཡོངས་ཀྱི་སྲིད་འཛིན་གྱོད་གཞིར་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་ལོ་འཁོར་སྙན་ཞུ》པར་འགྲེམས་བྱས་ཏེ་དཔེ་མཚོན་གྱོད་དཔེ་ཁག་1གི་གྱོད་གཞི་10འགྲེམ་བསྒྲགས་བྱས་ཡོད། ལྗོངས་ཁྲིམས་འཛིན་ཐིང་དང་མཉམ་དུ་ལྗོངས་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་བསྐྱར་གྲོས་ཀྱི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་གཉེར་ཡོད་ལ། 《སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《2024ལོ་ནས་2025ལོའི་བར་གྱི་མཉམ་ལས་དོན་ཚན་གསལ་ཐོ》མཉམ་འབྲེལ་ཐོག་བཟོས་ཡོད། སྲིད་འཛིན་རྩོད་གཞི་དངོས་སུ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་ཚད་100%ཟིན་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཚན་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཡིག་ཨང་5པའི་ཁྲིམས་འཛིན་གྲོས་འཆར་འགྲེམས་སྤེལ་བྱས་ཡོད་པས་གྱོད་ཐག་ཆོད་ནས་སྲིད་དར་དམངས་མཐུན་ཡོང་གང་ཐུབ་བྱས་ཡོད།
(གསུམ) སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོང་ཏན་ཏིག་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་པར་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་ཞབས་འདེགས་ཞུས་ཏེ་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་ཁག་368ཁྲིམས་ལྟར་འདྲི་གཅོད་མཐའ་འདོམས་ནུས་ལྡན་བྱས་པ།
གཅིག་ནི་སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ། སྔོན་འགོག་རང་བཞིན་དང་སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་5ཐག་གཅོད་མཐའ་འདོམས་བྱས་པ་མ་ཟད། དཔེ་མཚོན་གྱོད་དཔེ་ཁག་2ཀྱི་གྱོད་གཞི་16འགྲེམ་བསྒྲགས་བྱས་ཡོད་པ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་གནའ་བོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་ཡིག་ཨང་4པའི་ཁྲིམས་འཛིན་གྲོས་འཆར་འགྲེམས་སྤེལ་བྱས་ཡོད་པ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་བཀའ་རྒྱ་10བཟོ་འགྲེམས་བྱས་ཡོད། ལྷ་རྩེ་ཁྲིམས་ཁང་གིས《རིག་དངོས་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོབ་བྱེད་པའི་ལྗོངས་ཡོངས་ཀྱི་བཀའ་རྒྱ》ཐོག་མ་དེ་བཟོ་འགྲེམས་བྱས་ནས་ལོ་600ཡི་ལོ་རྒྱུས་ཡོད་པའི་ཕུན་ཚོགས་གླིང་ལྕགས་ཟམ་གྱི་གནའ་བོའི་སྐྲུན་དངོས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རྩི་ཤིང་རྐུ་ཁྱེར་སྔོག་འཐུ་བྱས་པའི་གྱོད་གཞིར་དམིགས་ནས། མེ་ཏོག་ཁྲིམས་ཁང་གིས《ཨ་བྷི་ཥ་འདྲ་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོབ་བྱེད་པའི་ལྗོངས་ཡོངས་ཀྱི་བཀའ་རྒྱ》ཐོག་མ་དེ་བཟོ་འགྲེམས་བྱས་སྟབས། ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་བཟང་པོ་སྲུང་ཐུབ་པ་བྱས་ཡོད།
གཉིས་ནི་སྐྱེ་ཁམས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་སྲུང་སྐྱོང་བྱས་པ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་གལ་ཆེན་གྱི་ཁྲིམས་འཛིན་ཞབས་ཞུའི་འགན་ལེན་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞིར་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་བསམ་འཆར》བཟོས་པ་མ་ཟད། ཁྲིམས་ཁང་གི་ཞབས་ཞུ་འགན་སྲུང་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ་ལྷ་སའི་རིམ་གཉིས་ཁྲིམས་ཁང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་དང་འབྲེལ་བའི་གྱོད་གཞི་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་བྱས་ནས། ལས་གྲྭ་བདེ་བླག་ངང་ལེགས་འགྲུབ་ཐུབ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད།
གསུམ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་ཤུགས་བརྒྱབ་པ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་160ལྷག་ཙམ་གང་ཐུབ་ཅི་ནུས་ཀྱིས་སྤེལ་བ་དང་། རིམ་ཁག་ཁྲིམས་ཁང་གི་ཡོན་ཀྲང་གིས་ཆུ་བོ་དང་། ནགས་ཚལ། རྩྭ་ཐང་བཅས་ལ་སྐོར་ཞིབ་ཐེངས་280བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པའི་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་རྒྱུར་རྣམ་པ་ཟབ་མོ་བསྐྲུན་ཡོད། རྩྭ་མདའ་ཁྲིམས་ཁང་གིས་རིག་དངོས་སྡེ་ཚན་དང་མཉམ་འབྲེལ་ཐོག་ལྗོངས་ཡོངས་ཀྱི“རིག་དངོས་སྲུང་སྐྱོབ་ཀྱི་ཉེན་སྟོན་སློབ་གསོའི་རྟེན་གཞི”ཐོག་མ་དེ་བཙུགས་ཡོད་པས། ལས་བྱེད་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།
(བཞི) མཐའ་མཚམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་ཞབས་འདེགས་ཞུས་པ།
གཅིག་ནི་མཐའ་མཚམས་བདེ་འཇགས་དང་བརྟན་ལྷིང་འཛུགས་སྐྱོང་ལ་ཕན་སྐུལ་བཏང་བ། 《མཐའ་མཚམས་ཁྲིམས་རའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ་མ་དངུལ་སྒོར་ཁྲི་495བཏང་ནས་མཐའ་མཚམས་ཁྲིམས་ར་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། མཐའ་མཚམས་དང་། མཐའ་མཚམས་ཉོ་ཚོང་། མཐའ་མིའི་དངོས་ཡོད་གནས་ཚུལ་བཅས་ལ་གཞི་ཚུགས་ཏེ་མཐའ་མཚམས་མང་ཚོགས་ཀྱི་འགལ་ཟླ་རྩོད་རྙོག་1124ཁྲིམས་ལྟར་ཐག་གཅོད་བྱས་ཡོད། སྐྱིད་གྲོང་གྲོང་རྡལ་གྱི་ཁྲིམས་རས་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྱོང་བྱ་རྒྱུར་ཞབས་འདེགས་ཞུ་ཐུབ་པ་བྱས་ཏེ“ཕྱི་འབྲེལ་དམངས་དོན་དང་ཚོང་དོན་གྱི་རྩོད་གཞི་འདུམ་འགྲིག་ལྟེ་གནས”བཙུགས་ནས་འགལ་ཟླ་རྩོད་རྙོག་གྲལ་བཤེར་བྱེད་པའི་ལས་དོན་ཐེངས་26སྤེལ་བ་མ་ཟད། ཕྱི་རྒྱལ་ནས་ཡིན་པའི་མི་ཐེངས་45ལ་བཅར་འདྲི་ཞུས་ཡོད།
གཉིས་ནི་མཐའ་མཚམས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕན་སྐུལ་བཏང་བ། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཁྲོད་རང་འགུལ་ངང་ཐེ་ཞུགས་ཀྱིས་ཞབས་འདེགས་ཞུས་པ་དང་། མཐའ་མཚམས་ཁྲིམས་ར་ཁག་གིས་གཏུག་བཤེར་མ་བརྒྱུད་པར་འདུམ་འགྲིག་ཐེངས་280བྱ་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། སྣ་མང་འགལ་ཟླ་རྩོད་རྙོག་ཐག་གཅོད་བྱེད་པའི་ནང་ཐེངས་300ཞུགས་ཡོད། གཞིས་རྩེ་འབྲིང་རིམ་ཁྲིམས་ཁང་གིས་རྒྱ་བོད་དབྱིན་གསུམ་དང་རྒྱ་བོད་ནེ་གསུམ་གྱི་འདྲི་གཅོད་ཡིག་སྒྱུར་པ་25ཡི་ཤེས་ལྡན་པའི་གྲབས་མཛོད་བཙུགས་ཡོད། ཉིང་ཁྲི་ཁྲིམས་ཁང་གིས་ཡུལ་སྐོར་སྐོར་སྐྱོད་ཁྲིམས་ར་བཙུགས་ནས། མཐའ་མཚམས་སུ་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཐེངས་130བྱས་པར་བརྟེན། མང་ཚོགས་མི་ཐེངས་3000ལྷག་ལ་སློབ་གསོ་ཐེབས་ཡོད་པས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་སྐོར་བའི་དེང་ཕུགས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད།
གསུམ་ནི་དམག་དཔུང་དང་རྒྱལ་སྲུང་འཛུགས་སྐྱོང་ལ་ཕན་སྐུལ་བཏང་བ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ལྷ་སའི་དམག་དོན་ཁྲིམས་ཁང་གིས་ཐུན་མོང་ཐོག《དམག་འབྲེལ་ཁེ་སྲུང་གི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཟོས་ནས། དམག་འབྲེལ་ཁྲིམས་འཛིན་ཞབས་ཞུ་སྒྲུབ་པའི་ཐབས་ལམ་གསར་དུ་བཏོད་དེ་དམག་འབྲེལ་ཁེ་སྲུང་གི་གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་བྱེད་པའི་ཤར་གཏོང་བགྲོད་ལམ་བཙུགས་ཤིང་། རྒྱལ་སྲུང་གི་ཁེ་ཕན་ལ་གནོད་འཚེ་བཏང་བའི་གྱོད་གཞི་དང་། དེ་བཞིན་དམག་མི་དང་དེའི་ཁྱིམ་མིའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། རིམ་ཁག་ཁྲིམས་ཁང་གིས་བོད་སྡོད་དམག་དཔུང་ནང་ཟབ་ཞུགས་ཀྱིས“དམག་སྒར་དུ་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་དམག་མིར་དྲོ་སྐྱིད་སྟེར་བའི”བྱེད་སྒོ་ཐེངས་185སྤེལ་བར་བརྟེན། “མཉམ་ལྔ་བརྟན་ལྔའི”དམག་དམངས་མཉམ་སྐྲུན་ལ་ཕན་སྐུལ་བཏང་ཡོད།
གསུམ། “དམངས་དོན་ཡིད་ལ་འཇོག་རྒྱུ”མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པར་བྱས་རྗེས་གསར་པ་བཞག་པ།
(གཅིག) དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་དགོངས་དོན་ལག་བསྟར་བྱས་པ། དམངས་འཚོར་ཁྲིམས་འཛིན་ཐད་ནས་འགན་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་དང་། རྒན་གསོ། སྡོད་ཁང་། ངལ་རྩོལ་ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གྱོད་གཞི་13734ཁྲིམས་བཞིན་འདྲི་ཞིབ་བྱས་ནས་མང་ཚོགས་ཀྱི“སེམས་ཁྲལ་བྱེད་ས”དང་“སེམས་ནད་ཆེ་སའི”གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ཡོད། ཞིང་པ་ལས་མི་དང་འབྲེལ་བ་ཡོད་པའི་གྱོད་གཞིར་གཅིག་འཐུས་རྣམ་པའི་གཏུག་བཤེར་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། ངལ་རྩོལ་ཐོབ་ཆ་འདེད་ལེན་བྱེད་པའི་གྱོད་གཞི་267འདྲི་གཅོད་མཐའ་འདོམས་བྱས་ཤིང་། གླ་ཕོགས་ཐོབ་ཆ་སྒོར་ཁྲི་647.6འདེད་ལེན་བྱེད་རོགས་བྱས་ཡོད། སེམས་རྣལ་དུ་ཕབ་ནས“རྒན་རྒོན་དང་བྱིས་པའི”ལྟ་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་བསྙེན་བཀུར་དང་འཚོ་སྐྱོང་རིགས་ཀྱི་གྱོད་གཞི་399འདྲི་གཅོད་མཐའ་འདོམས་བྱས་ཡོད། 《མཚོ་འགག་ངོགས་གཉིས་ཀྱིས་ཐུན་མོང་ཐོག་ཉེས་གསོག་ལ་རྡུང་རྡེག་དང་ཁྲིམས་འཛིན་གཞོགས་འདེགས་བྱེད་པའི་གྲོས་མཐུན》དོན་འཁྱོལ་བྱས་ཤིང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐའེ་དབན་ས་ཁུལ་གྱི་ཐའེ་པེ་དང་། ཤིན་ཀྲུའུ་ཁྲིམས་ཁང་ལ་གཞོགས་འདེགས་བྱས་ནས་གཉེན་སྒྲིག་ཁྱིམ་ཚང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཡིག་རིགས་སྐྱེལ་སྤྲོད་བྱས་ཡོད། མངའ་རིས་ཁྲིམས་ཁང་གིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་གནད་དོན་ལ་དམིགས་ཏེ། “ཞང་ཞུང་མེ་ཏོག”ཅེས་པའི་བུད་མེད་ཁྲིམས་དཔོན་གྱི་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་དང“འོམ་ཤིང་མེ་ཏོག”བུད་མེད་ཀྱི་བཅའ་ཁྲིམས་ཞབས་ཞུ་ས་ཚིགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྱོད་གཞི་425ཐག་གཅོད་བྱས་པས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པར“ཁྲིམས་སྐྱོང་གཡའ་དག”བསྐྲུན་ཡོད། ནར་མ་སོན་པའི་མིར་ཆེས་ཕན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། 《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ནར་མ་སོན་པའི་མིའི་ཉེས་གསོག་གྱོད་གཞིར་འདྲི་ཞིབ་བྱས་པའི་བསྡོམས་རྩིས་དབྱེ་ཞིབ་སྙན་ཞུ》སྙན་འབུལ་ཞུས་ནས། ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་309ཁྲིམས་ལྟར་འདྲི་གཅོད་མཐའ་འདོམས་བྱས་ཡོད། ནར་མི་སོན་པའི་མིར་གནོད་འཚེ་གཏོང་མཁན་བསྟན་ཆེ་གེ་མོར་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱས་པ་དེའི་ཐོག་ནས་ནར་མི་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ཆད་ནན་པོ་བཅད་པ་མཚོན་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ནར་མི་སོན་པའི་མིའི་མི་ལུས་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་བཀའ་རྒྱ་14འགྲེམ་སྤེལ་བྱས་པ་དང་། གསེར་རྙེད་ཁྲིམས་ཁང་གིས“ནར་མི་སོན་པའི་མིར་གཅེས་སྐྱོང་བྱེད་པའི་ལྗོངས་ཡོངས་ཀྱི་དྲན་སྐུལ་གཱ”ཐོག་མ་དེ་བཏང་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་490ཐག་གཅོད་བྱས་པ་དང་། ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་835.49སྤྲད་པ་དེ་དུས་མཚུངས་ལས་15.23%འཕར་ནས་རོགས་སྐྱོབ་བྱེད་དགོས་ངེས་ཚང་མར་རོགས་སྐྱོབ་བྱས་ནས་ཁྲིམས་འཛིན་གྱི་ཐུགས་ཁུར་མངོན་པར་བྱས་ཡོད།
(གཉིས) མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། ལག་བསྟར་བྱེད་དཀའ་བའི་རིགས་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་དཀའ་བའི་རིགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཉམ་ཞུགས་ཚོགས་འདུ་འཚོགས་ནས་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་དང་མཉམ་དུ་ལག་བསྟར་མཉམ་འགུལ་ལམ་སྲོལ་བཙུགས་ཐོག ཐེངས་དེའི་ལག་བསྟར་མཇུག་སྒྲིལ་ནས་གྱོད་འབྲེལ་རྒྱུ་དངོས་གཙང་བཟོ་དང“ལག་ལེན་བསྐྱར་གསོར་སྐུལ་འདེད་གཏོང་བ”དང་ཉེས་དོན་དང་འབྲེལ་ཡོད་ནུས་ཐོན་ཁྲུན་གཅོད་ཀྱི་རྒྱུ་ནོར་རང་བཞིན་གྱི་དཔྱད་ཁྲ་ལག་བསྟར་བྱེད་པའི་ཆེད་དོན་ལས་འགུལ་གཏིང་ཟབ་སྤེལ་ཏེ། སྣོལ་སྡེབ་ལག་བསྟར་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། སྒོ་རྒྱ་ཐེལ་གནོན་དང་། བཀག་འཇོག་བྱེད་པ། བཙན་ཉར་བྱེད་པ་སོགས་ཀྱི་བཙན་ཤེད་བྱེད་ཐབས་སྤྱོད་རྒྱུར་ཡིད་གཟབ་བྱས་ནས་དཔེ་མཚོན་གྱོད་དཔེ་ཁག་1གི་གྱོད་གཞི་10འགྲེམ་བསྒྲགས་བྱས་པ་དང་། གྱོད་གཞི་33234ལག་བསྟར་མཐའ་འདོམས་བྱས་པར། དངུལ་སྒོར་དུང་ཕྱུར་41.33དམིགས་སར་འབྱོར་ཡོད། བསམ་ངན་ཁོག་བཅངས་ཀྱིས་ལག་བསྟར་མི་བྱེད་པ་དང་ལག་བསྟར་ལས་གཡོལ་ཐབས་བྱེད་མཁན་ལ་རྡུང་རྡེག་ཚ་ནན་བཏང་སྟེ། མི་ཐེངས་6368ཡི་ཁ་དན་ཚིག་ལ་མི་གནས་པའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། མི་ཐེངས་10075ཡི་འཛད་སྤྱོད་མཐོན་པོ་ཚད་འཛིན་བྱས་པ། མི་233ཁྲིམས་འཛིན་བཀག་སྐྱིལ་བྱས་པ། ལག་བསྟར་ཁས་ལེན་མི་བྱེད་པའི་ཉེས་གསོག་གྱོད་གཞི་6ལ་ཁྲུན་ཐག་བཅད་པ་བཅས་བྱས་ཡོད། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་སླར་གསོའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མི་ཐེངས་3728ཡི་ཡིད་རྟོན་ཤོར་བའི་མིང་ཐོ་བཀག་བཅད་བྱས་པ་དང་། མི་ཐེངས་4196ཡི་འཛད་སྤྱོད་མཐོན་པོའི་ཚད་བཀག་མེད་པར་བཟོས་པ། ཡིད་རྟོན་སླར་གསོའི་དཔང་ཡིག་58བཏོན་པ་བཅས་བྱས་པར་བརྟེན། ཡིད་རྟོན་ཤོར་བའི་མིར“སྐར་ཁུང”ཞིག་ཕྱེ་ནས“སླར་ཡང་ཡིད་རྟོན་སླར་གསོ”ཐུབ་པར་བྱས་ཡོད། ལྷ་ས་དང་། ལྷོ་ཁ། ཆབ་མདོ་སོགས་ཁྲིམས་ཁང་གིས་ཁག་སོ་སོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུ་ལྷག་ཙམ་དུ་བསྐྱོད་ནས་ས་ཡུལ་དངོས་ཀྱི་ལག་བསྟར་ཐེངས་2000ལྷག་ཙམ་སྤེལ་ཏེ། གྱོད་གཞི་596ལག་བསྟར་མཐའ་འདོམས་བྱས་པ་དང་། དམིགས་འབོར་སྒོར་དུང་ཕྱུར་1.38ལག་བསྟར་དོན་འཁྱོལ་ཐུབ་ནས“སྐྱིན་ཚབ་དངོས་སུ་ལེན་ཐུབ་པའི”ཐོག་ནས“ཞུ་གཏུག་ཐོབ་མཁན་གྱི་ཁེ་དབང་དོན་སྨིན་ཐུབ་པར”བྱས་ཡོད། ཡིག་འབུལ་ཞུ་བཅར་གྱི་ནར་ལུས་གྱོད་གཞི་ཐག་གཅོད་ཡག་པོ་བྱ་རྒྱུ་དང་། “ཡིག་འབུལ་ཞུ་རེ་ཚང་མར་ལན་འདེབས་ཐུབ་པ”སོགས་ཀྱི་གཙོ་གནད་ལས་དོན་གང་ཐུབ་ཅི་ནུས་ཀྱིས་ཡག་པོ་བསྒྲུབས་ཏེ། 《གཏུག་འབྲེལ་ཡིག་འབུལ་ཞུ་བཅར་གྱི་མཉམ་འགུལ་ལས་དོན་སྤེལ་ཐབས(ཚོད་ལྟའི་ལག་བསྟར) 》བཟོས་ཤིང་། ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་སྤེལ་རེས་དཔྱད་ཡིག་དེ་འཚོལ་སྒྲིག་བྱས་པ་མ་ཟད་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་ཡོད། ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་སྟེ། ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་གཤམ་སྐྱོད་བཅར་འདྲི་དང་ཞུ་ཉན་བྱེད་པ་དང་གྱོད་གཞི་འགན་གཙང་ལེན་པའི་ལས་དོན་དུས་རྒྱུན་དུ་སྤེལ་ནས་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་318ཐག་གཅོད་མཐའ་འདོམས་བྱས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་བླངས་པར་བརྟེན། ཡིག་འབུལ་ཞུ་བཅར་གྱི“ནར་ལུས་གྱོད་གཞི”དང“གྱོད་ཐག་གཅོད་དཀའ་བའི་གྱོད་གཞི”3དང་འབྲེལ་བའི་མི་3ཐག་གཅོད་འོས་འཚམ་བྱས་པ་མ་ཟད། ཡིག་འབུལ་ཞུ་བཅར་གྱི་རོགས་སྐྱོར་རོགས་སྐྱོབ་དངུལ་སྒོར་ཁྲི་17སྤྲད་ཡོད།
(གསུམ) ཁྲིམས་འཛིན་དྲང་གཞག་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཚང་སྒྲིག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གཙོ་གནད་བསྒྱར་བཅོས་ལས་འགན་ཁག་20ལེགས་འགྲུབ་བྱས་ཤིང་། འདྲི་གཅོད་དུས་བཀག་ལས་བརྒལ་ནས་གྱོད་ཐག་གཅོད་པ་དང་། ཞིབ་ཚགས་ཅན་གྱི་དོ་དམ་བྱ་ཐབས་ལ་བརྟེན་ནས་ཡུན་རིང་གྱོད་ཐག་མ་ཆོད་པའི་གྱོད་གཞི་སྔོན་འགོག་དང་ཚོད་འཛིན་བྱེད་པ། འདྲི་གཅོད་དུས་མཚམས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པ་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་འདྲི་གཅོད་ཀྱི་གྲངས་གཞིའི་དབྱེ་ཞིབ་མཐའ་དཔྱོད་ཚོགས་འདུ་ཐེངས་4འཚོགས་ཡོད། “གྱོད་དཔེའི་མཛོད”དང“བཅའ་ཁྲིམས་ལན་འདེབས་དྲ་བ”སོགས་ལས་སྟེགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ། “བཅའ་ཁྲིམས་ལན་འདེབས་དྲ་བ”བརྒྱུད་བཏོན་པ་དང་ལན་འདེབས་བྱས་པའི་གནད་དོན་387ཡོད་པས་ཁྲིམས་གཅོད་ཀྱི་ཚད་གཞི་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ས་གནས་གསུམ་གྱི་ཁྲིམས་ཁང་གིས《ཁྲིམས་འཛིན་ལག་རྩལ་ལས་དོན་གཞོགས་འདེགས་བརྗེད་ཐོར》གྲོས་མཐུན་བཞག་ནས་ཕན་ཚུན་སློབ་སྦྱོང་བྱས་ནས་མཉམ་སྐྲུན་མཉམ་རྒྱལ་ཡོང་བའི་ལས་སྟེགས་བཏོད་ཡོད། རྒྱལ་སྤྱིའི་ཁྲིམས་འཛིན་དང་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་ཏེ། སྤྲོ་སེམས་འཁོལ་པོས་ནེ་པ་ལའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་མོ་དང་བཅས་པར་སྣེ་ལེན་ཞུས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་ཁག་ཡོངས་སུ་ལེགས་སྒྲུབ་བྱས་པ་དང་། བོད་ལྗོངས་ཁྲིམས་ཁང་གི་འཐུས་མི་ཚོགས་པས་ནེ་པ་ལར་ཐོག་མར་བསྐྱོད་ནས་ནེ་པ་ལའི་ཆེས་མཐོའི་ཁྲིམས་ཁང་དང་དམིགས་བསལ་ཁྲིམས་ཁང་ལ་འཚམས་འདྲི་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཆ་འཕྲིན་ཅན་འཛུགས་སྐྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཡོངས་ཁྲིམས་ཁང་དུ“དྲ་གཅིག”གི་གྱོད་ཞིབ་ལས་སྒྲུབ་ལས་སྟེགས་ཀྱི་ཚོད་ལྟ་ཐོག་མར་སྤེལ་ཡོད།
བཞི། “དོ་དམ་བྱང་མ་ཞིག་བྱ་རྒྱུ”མཐའ་འཁྱོངས་ཀྱིས་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་ཁག་ཅིག་འཛུགས་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ།
(གཅིག) འཇོན་ནུས་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། སྲིད་ཁྲིམས་ཀྱི་རྨང་གཞིའི་ལས་སྒོའི་ལོ་གསུམ་གྱི་མཐོར་འདེགས་བྱ་སྤྱོད་སྤེལ་དུ་བཅུག་ནས་ཆབ་སྲིད་རིགས་གཞུང་གསོ་སྦྱོང་གི“སློབ་ཚན་དང་པོ”ཡག་པོ་གཉེར་བ་དང་། 《བོད་ལྗོངས་ཁྲིམས་ཁང་གི་སློབ་གསོ་གསོ་སྦྱོང་ཐད“ངེས་པར་དུ་སྦྱོང་དགོས་པ་དྲུག”གི་ཤེས་བྱའི་ལག་དེབ》རྩོམ་སྒྲིག་པར་འདེབས་བྱས་པ། རྒྱལ་ཡོངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་སྐྱིན་ཚབ་འཇལ་བ། ཁྲིམས་འཛིན་ལག་རྩལ་གྱིས་རམ་འདེགས་བྱེད་པ་སོགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་33གཉེར་ཞིང་། གསོ་སྦྱོང་ནང་ཞུགས་མཁན་ལས་བྱེད་ཉེན་རྟོག་པ་མི་ཐེངས་2830ཟིན་ཡོད། མཉམ་སྡེབ་22དང་ལས་བྱེད་ཉེན་རྟོག་པ་34ལ་ཞིང་ཆེན་པུའུ་རིམ་དང་དེ་ཡན་གྱི་གཟེངས་བསྟོད་ཐོབ་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་སློབ་གསོ་དང་གསོ་སྦྱོང་དགེ་རྒན་མིང་མཛོད་བཟོས་ཤིང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རིགས་གཅིག་མཁས་དབང་དང་ལས་སྒོའི་རྐང་འཛིན་པ་136མིང་མཛོད་ནང་བཅུག་ནས་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད། “བློ་སེམས་དཀར་པོ་སྲོག་ཤིང་ལ་ཕྱོགས་ཞེས་པའི་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཏང་གི་བཀའ་དྲིན་ལ་བསྟོད་པའི”རིག་རྩལ་འཁྲབ་སྟོན་དང་། “རྒྱ་སྲང་བུམ་པ”དང“ཁྲིམས་སྐྱོང་གདོང་ལེན་བྱ་སྤྱོད་སྤེལ་ཏེ། ལང་ཚོས་ཁྲིམས་ཀྱི་རྟགས་མའི་བཀྲག་མདངས་མངོན”ཞེས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བས། ལས་བྱེད་ཉེན་རྟོག་པ་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད།
(གཉིས) གཞི་རིམ་གྱི་རྨང་གཞིའི་འཛུཌ་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། མ་འཇོག་རྣམ་གྲངས་44དོན་འཁྱོལ་ཐུབ་པ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་རྣམ་གྲངས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་སྒྲིག་བྱས་ཏེ་གཞི་རིམ་དང་། ས་བབ་མཐོ་ས། ཁྲིམས་སྒྱུར་གྱོད་སྒྲུབ་ཀྱི་འཐབ་ས་དང་པོ་བཅས་སུ་མ་དངུལ་ཡོངས་ཀྱི་90%ཡན་གཏོང་ཐུབ་པ་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་ཁྲིམས་ཁང་གི་གསར་སྤེལ་ཁུལ་གྱི་ཁྲིམས་ར་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། དུས་ཁག་བཞི་པར་སྒྲིག་ཁོངས་ཁྲིམས་དཔོན་གྱི་ཁོངས་སུ་ཁྲིམས་དཔོན་114འདེམས་སྒྲུག་དང་ལས་བྱེད་ཉེན་རྟོག་པ་52རྒྱུགས་འཕྲོད་བསྡུ་འཇུག་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཡོད། ཁྲིམས་དཔོན་གྱི་སྒྲིག་ཁོངས་དང་སྒྲིག་གྲངས་འགྱུར་ལྡན་ལེགས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། ལྗོངས་ཡོངས་སུ་གྱོད་འབོར་མང་ལ་འདྲི་གཅོད་ལས་འགན་ལྕི་བའི་གཞི་རིམ་ཁྲིམས་ཁང་22ཀྱི་ཁྲིམས་དཔོན་མི་གྲངས་30འགྱུར་ལྡན་ལེགས་སྒྲིག་བྱས་པར་བརྟེན། ཁྲིམས་ཁང་ཁག་གཅིག་གི“གྱོད་གཞི་མང་ཞིང་ལས་སྒྲུབ་མི་སྣ་ཉུང་བའི”དཀའ་ངལ་སེལ་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་གཞོགས་འདེགས་ཀྱིས་ལྷ་སར་རྒྱལ་ཡོངས་ཁྲིམས་ཁང་གི་བོད་སྐྱོར་ཤིན་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། “ཟུང་འབྲེལ་དྲུག”གི་བོད་སྐྱོར་བྱེད་ཐབས་ཟབ་ཏུ་བཏང་ནས་ཞིང་ཆེན(གྲོང་ཁྱེར)17ཡི་ཁ་གཏད་རོགས་སྐྱོར་ཁྲིམས་ཁང་གིས་བོད་དུ་བརྟག་ཞིབ་ཐེངས་35བྱས་པར་མི་ཐེངས་196ཟིན་ཡོད། མི་31ལས་གྲུབ་པའི“ཚོགས་སྒྲིག་རྣམ་པ་ཆུང་ངུའི”རིག་སྟོབས་བོད་སྐྱོར་ལས་དོན་སྤེལ་ཞིང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི་2371དོན་འཁྱོལ་གནད་སྨིན་བྱུང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་དུས་ཁག་དང་པོའི་རྒྱལ་ཡོངས་བལྟོས་བཅས་ཉམས་ཞན་གྱི་གཞི་རིམ་ཁྲིམས་ཁང་5ལ་འབྲེལ་གཏུག་དང་རོགས་སྐྱོར་གནད་འཕིགས་བྱས་ནས་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་མ་ཟད། ཞན་ཆ་སེལ་ཐུབ་པ་བྱུང་ཡོད།
(གསུམ) སྒྲིག་ཁྲིམས་དང་སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ། 《“ཆུ་ཚོད་བརྒྱད་ཕུད་པའི”བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར) 》དང《2024ལོའི་མཉམ་འབྲེལ་སྐོར་ཞིབ་ལས་དོན་གྱི་ཇུས་གཞི》 《འདྲི་གཅོད་ལས་སྒོར་ལྟ་བཤེར་བྱེད་པའི་ལས་དོན་གྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར) 》བཅས་བཟོས་ནས་ལྷོ་ཁའི་ཁྲིམས་ཁང་ལ་ཁྲིམས་འཛིན་སྐོར་ཞིབ་དང་འདྲི་དོན་ལྟ་བཤེར་བྱས་ཡོད། ཆབ་མདོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཆབ་སྲིད་ལྟ་བཤེར་བྱས་ཡོད། ཁྲིམས་འཛིན་ལ་ཐེ་ཇུས་བྱེད་མི་ཆོག་པའི“གཏན་འབེབས་གསུམ”དོན་འཁྱོལ་ནན་པོ་བྱས་ནས“གཏན་འབེབས་གསུམ”གྱི་ཆ་འཕྲིན་46141བཀོད་འབུལ་བྱས་ཡོད།
ལྔ། “ལྟ་སྐུལ་ཤུགས་སུ་ཚུད་པ་བྱ་རྒྱུ”མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་དམངས་གཙོར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་གསར་པ་དོན་འཁྱོལ་བྱས་པ།
འདྲི་གཅོད་ལག་བསྟར་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཐུས་མི་དང་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞིའི་སྒྲུབ་སྤྲོད་ཚོགས་འདུ་འཚོགས་ནས་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་73རིམ་པ་སྟར་ཆགས་ཀྱིས་བསྒྲུབ་རྒྱུར་སྤྲད་ནས་དོན་འཁྱོལ་བྱས་ཡོད། 2024ལོའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རོགས་སྒྲིག་འབྲེལ་གཏུག་བྱེད་པའི་ལས་ཀའི་ཇུས་གཞི་བཟོས་ཤིང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དུས་ཁག་2ལ་དབྱེ་ནས“ཁྲིམས་ཁང་གི‘ཧྥེང་ཆའོ་ཉམས་མྱོང་གི་རྣམ་པ་གསར་པ’བདེན་དཔང་བྱེད་ཅེས་པའི—འཐུས་མི་དང་ཨུ་ཡོན་གྱི་རྟོག་ཞིབ་ཉིན་མོའི”བྱེད་སྒོ་སྤེལ་ནས་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་40འབྲིང་རིམ་གཞི་རིམ་མི་དམངས་ཁྲིམས་ཁང་དང་། དེ་བཞིན་མི་དམངས་ཁྲིམས་རར་རྟོག་ཞིབ་གནང་བར་གདན་འདྲེན་ཞུས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འཐུས་མི་དང་ཨུ་ཡོན་གདན་ཞུས་ཀྱིས་ཚོགས་འདུར་ཟུར་ཞུགས་བྱེད་པ་དང་། ཁྲིམས་སར་འདྲི་གཅོད་ཟུར་ཉན་བྱེད་པ། མི་ཐེངས་2500ལྷག་ཙམ་ལག་བསྟར་བྱས་པར་བདེན་དཔང་བྱེད་པ། གྱོད་གཞི་5600ལྷག་ཙམ་གྱི་འདྲི་གཅོད་ནང་མི་དམངས་འདྲི་གཅོད་ལས་རོགས་པ་ཞུགས་པ་བཅས་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་འདྲི་གཅོད་ལས་དོན་སྙན་སེང་ཞུས་ནས་གྲོས་ཞིབ་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རང་རྟོགས་ངང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་ཞུས་པ་མ་ཟད། ཏང་ཙུའི་ཚོགས་འདུ་དང་དམངས་གཙོའི་འཚོ་བའི་ཚོགས་འདུ་སོགས་རིགས་ཁག་གི་ཚོགས་འདུར་ཟུར་ཞུགས་སུ་གདན་འདྲེན་ཐེངས་470བྱས་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ལྗོངས་ཞིབ་དཔྱོད་ཁང་གིས་2024ལོའི་ལས་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། 《དམངས་དོན་བསྐྱར་ཞིབ་ཀྱི་ཞིབ་དཔྱོད་གྲོས་འགོ་དང་གྱོད་གཞིའི་གནད་དོན་འགའ་ཞིག་གི་བསམ་འཆར་གཉེར་སྒྲུབ་ཚད་ལྡན་བྱ་རྒྱུའི་སྐོར་གྱི་བཀོལ་སྤྱོད་སྒྲིག་སྲོལ》བཟོས་པ། ལྗོངས་ཡོངས་ཁྲིམས་ཁང་གིས་འདྲི་ཞིབ་ཨུ་ལྷན་གྱི་ཚོགས་འདུར་ཞིབ་དཔྱོད་དཔོན་མི་ཐེངས་126ཟུར་ཞུགས་སུ་གདན་འདྲེན་ཞུས་ཡོད། ལས་རིགས་དང་ཁྱབ་ཁོངས་མི་འདྲ་བའི་ཆེད་བསྐོས་ལྟ་སྐུལ་པ་77གདན་བསྐོ་བྱས་པ་དང་། ལྗོངས་ཡོངས་ཁྲིམས་ཁང་གི་ཆེད་བསྐོས་ལྟ་སྐུལ་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་ནས་ཆེད་བསྐོས་ལྟ་སྐུལ་པའི་འགན་འཁྲི་སྒྲུབ་ནུས་སྔར་བས་ཆེ་རུ་བཏང་ཡོད།
འཐུས་མི་རྣམ་པ། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་གྲུབ་འབྲས་དང་ཡར་རྒྱས་འདི་འདྲ་ཡོང་བའི་རྩ་བ་ཐུག་ས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་བྱུང་བ་ཞིག རང་སྐྱོང་ལྗོངས་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཞིག་བཅས་ཡིན། ལོ་གཅིག་རིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་ཁྲིམས་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མ་ཟད། རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ནས་ང་ཚོའི་དཀའ་ངལ་དང་གནད་དོན་མང་དག་ཅིག་ཐག་གཅོད་བྱེད་རོགས་བྱས་ཡོད། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཚབ་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ། རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། མི་དམངས་ཚོགས་པ། ཏང་ཕྱིའི་མི་སྣ། དེ་བཞིན་སྤུན་ཟླའི་སྲིད་ཁྲིམས་ལས་ཁུངས་དང་། བོད་སྐྱོར་ཤེས་ལྡན་ལས་བྱེད་པ། རིགས་གཅིག་མཁས་དབང་། ཁྲིམས་རྩོད་པ། སྨྱན་སྦྱོར་གསར་འགོད་པ། སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྦྲགས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དུས་མཚུངས་སུ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་ཐད་ད་དུང་གནད་དོན་དང་དཀའ་ངལ་ཁག་གཅིག་ཡོད་པ་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་དགོས་པ་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་དེས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ད་དུང་མུ་མཐུད་ཤུགས་རྒྱག་དགོས་པ་དང་། “འཛུགས་གཏོད་བཞིའི”ཞབས་ཞུ་འགན་སྲུང་གི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། འདྲི་གཅོད་ལས་དོན་དེང་རབས་ཅན་དུ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་ད་དུང་མུ་མཐུད་ཤུགས་རྒྱག་དགོས་པ། དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། རང་རྟོགས་ངང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་རྒྱུ་དང་དུས་རབས་གསར་པའི“ཁྲིམས་ཁང་གཉིས”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ད་དུང་མུ་མཐུད་ཤུགས་རྒྱག་དགོས་པ། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཚང་སྒྲིག་གི་སྒྱུར་བཅོས་ལས་དོན་ལ་སྔར་བས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་འབྲས་བུ་དང་ཁྲིམས་འཛིན་ལས་དོན་མཉམ་འདྲེས་ཟབ་མོ་ཡོང་བར་ད་དུང་མུ་མཐུད་ཤུགས་རྒྱག་དགོས་པ། ཏང་ཙུའི་ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་ཉེན་རྟོག་པས་གཏན་འབེབས་དང་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་སྔར་བཞིན་ཐོན་པ་དང་། གཤམ་འོག་ལ་ལྟ་སྐུལ་མཛུབ་ཁྲིད་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ད་དུང་མུ་མཐུད་ཤུགས་རྒྱག་དགོས་པ་བཅས་ཡིན། ང་ཚོས་ཆོད་སེམས་དང་བློ་སྟོབས་བརྟན་པོས་བྱ་ཐབས་དང་ཐབས་ལམ་དེ་བས་ནུས་ལྡན་སྤྱད་དེ་ད་ཡོད་ཀྱི་དཀའ་ངལ་དང་གནད་དོན་དེ་དག་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན། དུས་མཚུངས། རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་སྔར་བཞིན་ཁྲིམས་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།
2025ལོའི་ལས་ཀའི་འཆར་གཞི།
འཐུས་མི་རྣམ་པ། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་བཞག་བདེན་སྐྱོང་ཚོར་ཐུབ་པ་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ཏེ། འདྲི་གཅོད་ལག་བསྟར་ལས་དོན་གྱི་སྤུས་འབྲས་གཉིས་ཀ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་དེ་བས་ནུས་ལྡན་གྱི་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་ཡིན། གཅིག་ནི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། ཆབ་སྲིད་ལ་རྣམ་དག་ཞུ་སེམས་བརྟན་དུ་གཏོང་རྒྱུ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྲིམས་སྐྱོང་ལ་སྣང་ཆེན་བྱ་རྒྱུ་གཉིས་གཅིག་གྱུར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གིས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱུན་བསྲིང་ལྷོད་མེད་ངང་ཆབ་སྲིད་ཀྱི་མིག་རྒྱང་དང་ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་ཁྲིམས་ཁང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། འབད་བརྩོན་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ནན་ཏན་གྱིས་ཁོང་དུ་ཆུད་ཐུབ་པ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་དང་། གནད་དོན་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱ་རྒྱུ་ཡིན། གཉིས་ནི་འགན་འཁྲི་ཁུར་ཤུགས་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་ཞབས་ཞུར་བརྟེན་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”འགན་སྲུང་བྱ་རྒྱུ། རང་རྟོགས་ངང་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཁྲིམས་འཛིན་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་། ཁྲིམས་ཁང་གི་ངེས་གནས་ཡང་དག་འཚོལ་བ། འདྲི་གཅོད་ཀྱི་ཁུར་ལེན་མངོན་པར་བཅས་བྱས་ཏེ། འདྲི་གཅོད་ལག་བསྟར་ལས་དོན་དེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྤྱི་ཡོངས་ཁྲོད་བཞག་ནས་ངེས་གནས་གཏན་འཁེལ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་མ་ཟད། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཁྲིམས་འཛིན་འདྲི་གཅོད་ཀྱིས་འདེགས་སྐྱོར་དང་ཞབས་འདེགས་ཞུ་བའི་འཇུག་སྒོ་སྔར་བས་འཚོལ་ཞིབ་གནད་འཁེལ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་གནས་བཅས་ཡོང་ཐུབ་པར་བྱེད་པའི་འགན་འཁྲི་དང་ལས་འགན་ནན་ཏན་བསྒྲུབས་ནས་ཁྲིམས་འཛིན་ཞབས་ཞུའི་གནད་འཕིགས་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན། གསུམ་ནི་ཁྲིམས་སྐྱོང་གི་འགན་འཁྲི་ཁུར་ཤུགས་ཆེ་རུ་བཏང་སྟེ། ཆུ་ཚད་མཐོན་པོས་དྲང་བདེན་སྲུང་སྐྱོང་བྱས་ནས་མང་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱ་རྒྱུ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་དག་ཁྲིམས་ཁང་ལས་དོན་གྱི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། དམངས་ཀྱི་དོན་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་མཐའ་འཁྱོངས་ཀྱིས“བདག་ཉིད་ཁྲིམས་གཏུག”གི་འདུ་ཤེས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་གྱི་བླང་བྱ་གསར་པ་དང་རེ་བ་གསར་པར་ཨ་ལན་ཧུར་ཐག་སློག་ཐོག “ཕན་འབྲས་གསུམ”གཅིག་གྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ལ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གཅིག་འཐུས་རྣམ་པའི་སྣ་མང་འདུམ་འགྲིག་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་འབྲས་སྲ་བརྟན་མཐོར་འདེགས་སུ་བཏང་ནས་མི་དམངས་ཁྲིམས་ར་དང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་བེད་སྤྱོད་ཡག་པོ་བྱས་ཐོག ཁྲིམས་འཛིན་གྱི་སྤུས་ལེགས་ཞབས་ཞུ་དེ་ཞིང་ནང་དང་མུ་ཁ། རྩྭ་ཐང་འབྲོག་ར་བཅས་སུ་ཁྱབ་ཐུབ་པ་མ་ཟད། མང་ཚོགས་ཀྱིས་ཉམས་སུ་མྱོང་ཐུབ་པ་བྱས་ནས་མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། བཞི་ནི་སྒྱུར་བཅོས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། བླང་བྱ་མཐོན་པོས་གསར་གཏོད་གོང་འཕེལ་གཏིང་ཟབ་བྱས་ནས་ལས་དོན་སྤེལ་འབྲས་ཆེ་རུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནད་འཕིགས་བྱས་ཏེ། འདྲི་གཅོད་སྤུས་ཚད་ལ་དོ་དམ་བྱ་རྒྱུའི་ཐད་ཀྱི་ཚན་རིག་དང་མཐུན་ཞིང་ཁྲིམས་འཛིན་གྱི་ཆོས་ཉིད་དང་མཐུན་པའི་དམིགས་ཚད་མ་ལག་ཟམ་མི་ཆད་པར་འཐུས་ལེགས་སུ་གཏོང་རྒྱུ་མ་ཟད། ལས་མི་ཡོངས་ཀྱི་ལས་རྗེས་དཔྱད་ཞིབ་དྲང་གཞག་བྱས་ནས་འདྲི་གཅོད་ལ་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། རྒྱལ་ཡོངས་ཁྲིམས་ཁང་གི“དྲ་གཅིག”གི་དྲ་ཞུགས་ཚོད་ལྟའི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ལས་སྒྲུབ་གྱོད་ཞིབ་གྲངས་འཛིན་ཅན་དུ་འགྱུར་བར་མགྱོགས་མྱུར་སྐུལ་འདེད་བཏང་ནས་གྲངས་འཛིན་ཁྲིམས་ཁང་ལ་བརྟེན་ནས་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན། ལྔ་ནི་དུས་རབས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། ཚད་གཞི་མཐོན་པོས་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་དང་ཉེན་རྟོག་པ་ནན་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་བྱང་ཚད། ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱ་རྒྱུར་མཉམ་འདྲེས་སྐུལ་འདེད་གཏོང་རྒྱུ། ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། གཞི་རིམ་གྱི་རྨང་གཞི་སྟོབས་ཆེར་གཏོང་རྒྱུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། དེ་བཞིན“གཏན་འབེབས་གསུམ”དང་། དུས་རབས་གསར་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི“གཏན་འགོག་བཅུ”སོགས་སྒྲིག་ནན་བཀའ་བཙན་ལག་བསྟར་བྱས་ཏེ། “ལམ་ལུགས་ཀྱི་ར་སྐྱོར”བརྟན་པོ་འཛུགས་པ་དང་། རྒྱུན་གཏན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་འཁུར་རྒྱུར་ལྕག་སྐུལ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་ཞུན་བརྡར་གཏོང་བ་བཅས་ཀྱི་ཐོག་ནས་ས་མཐོའི་ཁྲིམས་ཁང་གི་དམག་ཧྲག་ཧུར་ཐག་གཏོད་རྒྱུ་ཡིན།
འཐུས་མི་རྣམ་པ། དྲག་ཆར་རླུང་འཚུབ་ཁྲོད་ནས་བློ་སྟོབས་འཕེལ། བཙན་འགག་རི་བོ་འཛེགས་པར་དཔའ་མི་ཞུམ། ལོ་གསར་པར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐེངས་འདིའི་ཚོགས་འདུའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ཐོག ཡིད་ཆེས་བརྟན་པོ་དང་། གསར་གཏོད་ཡར་བརྩོན། དམ་པ་དོན་གཉེར། ཐེག་པ་ཁུར་ལེན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)