དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

    དུས་རབས་གསར་པར་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-21

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོར། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་འཛུགས་སྡེ་ཚན་གྱི་འགན་ནུས་གང་ལེགས་འདོན་པ། རྩ་འཛུགས་ཁོངས་གཏོགས་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་བ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་པ། “དོན་ཆེན་བཞིར”དམིཌ་པ་དང“འཛུཌ་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་གཏིང་ཟབ་དང་ཏན་ཏིག་སྤྲོས་པར་སྐུལ་འདེད་གཏོང་བ། ཏང་སྲིད་ལས་ཁུངས་ཀྱི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ། ཏང་རྩ་འཛུཌ་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་ཕྱོད་ཆེ་རུ་གཏོང་བ། ཤེས་ལྡན་པ་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་དང“གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་འཇོག”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་ལེན་གཏིང་ཟབ་བསྟར་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་ཕྱོགས་སྟོན་ཁ་གསལ་བརྟན་པོ་འཛུཌ་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུཌ་ཀྱིས་འགན་ལེན་བརྟན་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྩ་འཛུགས་ལས་དོན་སྤེལ་བར་ཆ་རྐྱེན་བཟང་པོ་ཧུར་ཐག་སྐྲུན་པ་དང་། རྩ་འཛུཌ་ཁོངས་གཏོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་མཐོང་ཆེན་བྱེད་པ། དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཟླ་2ཚེས་18ཉིན། ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་ནས་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལས་དོན་ལ་ཕྱོགས་སྡོམ། ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུཌ་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཁོང་གིས་གསུངས་དོན། རྒྱལ་ཡོངས་ཀྱི་རྩ་འཛུཌ་པུའུ་ཀྲང་གི་ཚོགས་འདུའི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ནན་པའི་ཚད་གཞི་སྤྱད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་ལས་བྱེད་པ་དང་། རྩ་འཛུགས། སྒྲིག་ཁོངས། བོད་སྐྱོར། ཤེས་ལྡན་པ། ཏང་ཡོན་བཅས་དང་། དེ་བཞིན་རང་ངོས་འཛུགས་སྐྱོང་བཅས་ཀྱིས་མཐུན་སྦྱོར་སྐུལ་འདེད་གཏོང་བའི“1+6+1”གི་ལས་ཀའི་རྣམ་པ་ཕྱོགས་ཡོངས་ནས་གཏོད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཟབ་ཏུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསམ་བློ་དང་སེམས་ལ་ཟུག་པ་དང་ལག་ལེན་དུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱེད་པར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་སྲིད་འཛིན་རྐང་འཛིན་པ་སྐྱེད་སྲིང་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུཌ་ཀྱི་ནུས་པ་ཆེ་རུ་བཏང་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྒྲིག་གཞིའི་སྒྲིག་ཁོངས་ཀྱི་ཐོན་ཁུངས་བེད་སྤྱོད་གཏོང་བའི་ཕན་འབྲས་ཆེ་རུ་བཏང་ནས་ཞབས་ཞུ་འགན་ལེན་གྱི་ནུས་པ་གང་ལེགས་འདོན་དགོས། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་ལེན་བསྟར་ཏེ། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཤེས་ལྡན་པའི་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ། ཚུགས་གནས་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཡངས་པ། སྤེལ་ཤུགས་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་ཤེས་ལྡན་པའི་ལས་དོན་ལེགས་པར་སྒྲུབ་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་དང་ནུས་པ་འདོན་སྤེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། བློས་འགེལ་ཆོག་པ་དང་། གོ་ཆོད་པ། ཉམས་སད་ཐེག་ཐུབ་པ་བཅས་ཀྱི་གདོང་ལེན་དཔུང་ཁག་འཛུཌ་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་རིང་རྩ་འཛུཌ་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་རྣམ་དག་ངང་ལས་སྒྲུབ་དང་འགན་འཁྲི་གཙང་སྒྲུབ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་རྩ་འཛུགས་ལས་དོན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ལེགས་སྐྱེས་གསར་པ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།