དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ཐིང་དོན་ཨུ་ལྷན་ཚན་ཁག་གིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-17

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ཐིང་དོན་ཨུ་ལྷན་ཚན་ཁག་གི་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ལག་བསྟར་བྱས་ཚུན་གྱི་འབྲེལ་ཡོད་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་བཤེར་འདོན་བྱས་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་ད་རེས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཕྱོགས་བཞིའི་ཐད་ནས་མངོན་གསལ་དོད་པའི་གནད་དོན་བཤེར་འདོན་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་པ་དང་དག་ཐེར་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་པ་རེད། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།