དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

    ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-17

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར། ཟླ་2ཚེས་14ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་འདོམས་དང་འགན་སྲུང་གི་སྐུལ་ལྕག་ནུས་པ་ཕྱོགས་བསྡུས་འདོན་སྤེལ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དཔེ་དཔྱད་གཞིར་བཟུང་ནས་ཧེ་བག་དང་མི་འདང་སར་ཞིབ་ལྟ་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་བརྗོད་ནན་ཏན་བྱས་པ་མ་ཟད། ད་དུང་དག་ཐེར་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཚོགས་འདུ་མ་འཚོག་གོང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཏན་ཏིག་དང་། སྙིང་གཏམ་ཤོད་རེས་དང་གླེང་མོལ་གཏིང་ཟབ། བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན། ལྟ་བསྡུར་ཞིབ་བཤེར་གྱི་དཔྱད་གཞི་ནན་འབྲི། ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཞིག་ཚོགས་ཐུབ་པ་བྱེད་ཆེད་གྲ་སྒྲིག་གང་ལེགས་བྱས་ཡོད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2024ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལེགས་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་། དེ་ནས་སྣེ་ཁྲིད་དེ་རང་ངོས་ལ་ལྟ་བསྡུར་ཞིབ་བཤེར་གནང་བ། ཏང་ཙུའི་ཁོངས་མི་གཞན་དག་རེ་རེ་བཞིན་གྱིས་ལྟ་བསྡུར་ཞིབ་བཤེར་གནང་བ་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད། ཚོགས་འདུ་འདི་སྒམ་ནན་དང་ཕན་འབྲས་ཐོན་པ་ཞིག་འཚོགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།