རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཏང་ཙུའི་ཚན་ཁག་གིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་དང་དཔྱད་བརྗོད་གནང་བ་རེད།
སྲིད་གཞུང་ཏང་ཙུའུ་ཡིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་པར་ཚད་མཐོའི་མཐོང་ཆེན་བྱས་ཡོད། ཏང་ཙུའི་ཚན་ཁག་གི་ཁོངས་མིས་བརྗོད་དོན་གཙོ་བོར་དམིགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བགྲོ་གླེང་གཏིང་ཟབ་བྱེད་པ་དང་། ལྡོག་ཕྱོགས་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་བྱེད་པ། བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱེད་པ། ལྷག་བསམ་རྣམ་དག་ངང་སྙིང་གཏམ་ཤོད་རེས་བྱེད་པ། གནད་དོན་འཚོལ་བཤེར་ནན་ཏན་བྱེད་པ། ལྟ་བསྡུར་ཞིབ་བཤེར་གྱི་སྙན་སེང་དཔྱད་ཡིག་འབྲི་བ་བཅས་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་ཆེད་གྲ་སྒྲིག་གང་ལེགས་བྱས་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་འབྲེལ་ཡོད་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།
ཀརྨ་ཚེ་བརྟན་གྱིས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་སྣེ་ཁྲིད་དེ་རང་ངོས་ལ་དབྱེ་ཞིབ་བྱས་ནས་རང་འགུལ་ངང་སྐྱོན་བརྗོད་དང་ལེན་གནང་བ་རེད། དེ་རྗེས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་གྱིས་ལྟ་བསྡུར་ཞིབ་བཤེར་དང་རང་སྐྱོན་རང་བརྗོད་བྱས་ཏེ་ཕན་ཚུན་སྐྱོན་བརྗོད་དང་བསམ་འཆར་བཏོན་པ་རེད། ཚང་མས་བརྗོད་དོན་གཙོ་བོར་དམིགས་ནས་དངོས་ཐོག་བདེན་འཚོལ་ངང་གནད་དོན་གླེང་བ་དང་བསམ་འཆར་བཏོན་པས། བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་ཟབ་འཕེལ། དག་ཐེར་ལ་ཤུགས་སྣོན། ཡར་སྐུལ་འབད་སྒྲུབ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
ཀརྨ་ཚེ་བརྟན་གྱིས་ཕྱོགས་སྡོམ་གནང་སྐབས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་སྲུང་བརྩི་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། ལག་ལེན་པ་བཅས་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། “གནས་གཅིག་འགན་གཉིས”ལག་བསྟར་ནན་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྱོད་འདྲེན་གསལ་འབྱེད་དང་གྱོད་འདྲེན་ལེགས་བཅོས་མཐའ་འཁྱོངས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ། རྒྱུན་ཆད་མེད་པར“སྤྱོད་ཚུལ་བཞི”ཡོ་བསྲང་བཅོས་སྐྱོང་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། དངོས་སྒྲུབ་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་བཅས་ནུས་ཤུགས་ཡོད་རྒུས་གཏོད་དེ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།