དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

    ​ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-17

    ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། གྱོད་འདྲེན་ལེགས་བཅོས་དང་གྱོད་འདྲེན་ལེགས་སྐྱོང་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་2023ལོའི་ལོ་འཁོར་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་།  2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་འདྲེན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལྟ་བསྡུར་ཞིབ་བཤེར་བྱས་ཚུལ་དང་དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚན་ཁག་དང་ཁོངས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུ་བརྡ་ཁྱབ་བཏང་བ་རེད། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་། སྣེ་ཁྲིད་ནས་རང་ངོས་ལ་ལྟ་བསྡུར་ཞིབ་བཤེར་དང་རང་སྐྱོན་རང་བརྗོད་བྱས་ཏེ་ཏང་ཙུའི་ཚན་ཁག་གི་ཁོངས་མིའི་སྐྱོན་བརྗོད་རང་འགུལ་ངང་དང་ལེན་གནང་བ་རེད། ཏང་ཙུའི་ཁོངས་མི་གཞན་དག་རེ་རེ་བཞིན་གྱིས་གཏམ་བཤད་སྤེལ་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་པ་རེད། ལྟ་བསྡུར་ཞིབ་བཤེར་བྱས་པ་བརྒྱུད་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་བྱུང་བ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་ཕྱིན་པ། ཁ་ཕྱོགས་གསལ་དུ་དང་འགན་འཁུར་ཤུགས་ཆེ་རུ་ཕྱིན་པ་བཅས་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་ཚུགས་གནས་མཐོ་རུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་གིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཕྱོད་ཆེ་ཞིང་མཐུན་སྦྱོར་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་ལ་ཤུགས་སྣོན་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བླང་བྱ་གསར་པ་དང་བྱེད་སྟངས་གསར་པར་སློབ་སྦྱོང་ཡག་པོ། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གཞན་དག་གི་མི་དམངས་འཐུས་ཚོགས་ཀྱི་ལག་ལེན་གསར་པ་དང་འཚོལ་ཞིབ་གསར་པ་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་གོམས་བྱང་ཅན་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས་པ། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཁྲིམས་ལྟར་འགན་སྒྲུབ་དང་ཐེག་ཁུར་ལས་སྒྲུབ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། “ལས་ཁུངས་བཞི”འཛུགས་སྐྱོང་ལ་དམིགས་པ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ལ་ཐབས་ཇུས་འདིང་རྒྱུར་བློས་འཁེལ་བའི་འདེགས་སྐྱོར་བྱེད་དགོས་པ། བློ་གཅིག་སེམས་གཅིག་གིས་དམིགས་ཡུལ་ལག་ལེན་བསྟར་བ་དང་དམངས་ལ་བདེ་སྐྱིད་བསྐྲུན་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པ། རང་རྟོགས་རང་གཅུན་ངང་གཞུང་ཞེན་རྣམ་དག་དང་སྲོལ་གསར་བརྟན་པོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ནན་དུ་གཏོང་བ། རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས། ནན་པའི་རྩ་བའི་དགོངས་གཞི་དང་། བྱེད་ཐབས། རྣམ་པ་བཅས་ཡུན་རིང་མཐའ་འཁྱོངས་བཅས་བྱས་ཏེ་སེམས་པ་གཅིག་མཐུན་དང་ཧུར་སེམས་ཆེན་པོས་ལས་དོན་སྒྲུབ་པའི་ཆབ་སྲིད་ཀྱི་སྣང་ཚུལ་དང་ལས་ཀའི་རྣམ་པ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།