དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ཚོང་དོན་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-14

    ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ཚོང་དོན་ཐིང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁ་གསལ་བཏོན་པའི་དམིགས་ཚད་ལས་འགན། དེ་བཞིན་སྲིད་གཞུང་ཁོངས་གཏོགས་ཀྱི“དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི”སྐུལ་སྤེལ་ཚོགས་འདུའི་ལས་ཀའི་བླང་བྱ་གཞིར་བཟུང་། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་དང་རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ལང་ཧྥུའུ་ཁོན་དང་བསྟན་པ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ནོར་སྲིད་འཁོར་སྐྱོད་གནས་ཚུལ་སྙན་སེང་གསན་ནས། ཉེ་བའི་ལོ་ཤས་རིང་ནོར་སྲིད་ཁོངས་གཏོགས་ཀྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་སྟེ། ནོར་སྲིད་སྒྱུར་བཅོས་དང་། སྔོན་རྩིས་དོ་དམ། ནོར་རྩིས་ལྟ་སྐུལ་བཅས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆུ་ཚད་མཐོ་བའི་ནོར་སྲིད་ལས་དོན་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ། ཚན་ཁག་ལ་དམ་འཛིན་ཡག་པོ་དང་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ནས་ཆབ་སྲིད་འཛུགས་སྐྱོང་དང་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕྱོགས་བསྡུས་སྒྱུར་བཅོས་བྱེད་ཐབས་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ། “གཏོང་སྒོ་གྲོན་ཆུང་དང་། འགན་ལེན། ཕན་འབྲས་ཆེར་གཏོང་། ཐོན་ཁུངས་གསར་སྤེལ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ནོར་སྲིད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་འཇོག་གིས་བཙན་ཐབས་གཅུན་འདོམས་དང་ཚད་ལྡན་ཅན་གྱི་བཀོལ་སྤྱོད་མངོན་གསལ་དོད་དུ་གཏོང་བ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་བ་བཅས་བྱས་ནས་ནོར་སྲིད་འཁོར་སྐྱོད་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་དུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ཚོང་དོན་ལས་ཀའི་སྙན་སེང་གསན་པ་དང་། འཐབ་ས་དང་པོའི་ཁྲུའུ་དང་ཁང་དུ་ཕེབས་ནས་འཛད་སྤྱོད་ལ་སྐུལ་འདེད་དང་། གྲོང་གསེབ་ཟོག་འགྲུལ། ཕྱི་ཕྱོགས་ཚོང་དོན། ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཚོང་དོན་ལས་དོན་གྱི་ཕྱི་ནང་འབྲེལ་མཐུད་དང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད། ཐོན་ཚོང་འབྲེལ་མཐུད་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ནུས་ཤུགས་ཡོད་རྒུས་ཁྲོམ་ར་འཁྲུག་ཏུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ། དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་དགོས་པ་དང་། གླིང་ཁུལ་གྱི་དཔལ་འབྱོར་དང་འགག་སྒོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་དང་ལྟ་ཞིབ་ཚད་ལེན་གྱི་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ལོ་གསར་རིང་གི་དུས་ཆེན་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།