དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ“མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས”ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-13

    ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་གནང་བ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཞིག་རེད་ལ། བློ་ཁ་གཏད་ཕྱོགས་དང་འབྲེལ་བ་ཡོད་པ་དང་ཏང་གི་འཆི་གསོན་ཆགས་འཇིག་དང་ཡང་འབྲེལ་བ་ཡོད། “ཆབ་སྲིད”སྔོན་ལ་བཟུང་སྟེ། “མི་དམངས་འཐུས་ཚོགས་ཀྱི་ནུས་པར”དམིགས་ནས“མི་དམངས་འཐུས་ཚོགས་ཀྱི་བྱ་སྤྱོད”ལ་ཐབས་ཇུས་མང་ཙམ་འདོན་པ་དང་། “མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས”ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་དང་ས་གནས་ཀྱི་བུ་ལོན་ལ་ཞིབ་བཤེར་ལྟ་སྐུལ་ཧུར་ཐག་བྱས་ཏེ། སྔོན་རྩིས་ལག་བསྟར་དང་གཞུང་ཁོངས་རྒྱུ་ནོར་དོ་དམ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་བའི་ལམ་སྲོལ་འཐུས་ཚང་དང་ལག་བསྟར་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་རང་ཡིད་རང་ཆེས་བརྟན་དུ་གཏོང་བ་དང་ཁྲིམས་འཛུགས་ཞིབ་འཇུག་ཏན་ཏིག་བྱས་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་དང་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བོད་ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། “མི་དམངས”རྩ་བར་བཟུང་སྟེ། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་བཙུགས་ནས། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ་དང་། དམ་འཛིན་བྱེད་པ། བྱ་སྤྱོད་ཐད་དོན་འཁྱོལ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དམིགས་ནས་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྐྱར་སྐྲུན་གྱི་ཐབས་མང་ཙམ་འདོན་པ་དང་གནད་སྨིན་གྱི་ཇུས་མང་ཙམ་བཏོན་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ཀྱི་ལམ་ལུགས་དང་། ཚོགས་འདུའི་ལམ་ལུགས། ལས་ཀའི་གོ་རིམ་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་འདུན་འདོན་པའི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཚང་མར་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་དགོས། “གནད་འཕིགས”བྱས་རྗེས་སུ་བརྩིས་ཏེ། སྣེ་ཁྲིད་ནས་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ་དང་། སྒྲིག་འཛུགས་ཀྱི་གོ་རིམ་དང་། ལྟ་སྐུལ་ཞིབ་བཤེར། ལས་ཀའི་སྒྲིག་ཁྲིམས་བཅས་ནན་དུ་གཏོང་བ། དགོངས་པ་ཞུ་བ་དང་། དགོངས་དུས་ཐིམ་ཞུ་དང་ཕྱིར་སྐྱོད་པར་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ཏེ། ལས་གནས་སུ་སྡོད་པའི་གནས་ཚུལ་ལ་དུས་བཀག་དང་དུས་ངེས་མེད་དུ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

    “དངོས་སྒྲུབ”གཙོ་བོར་བཟུང་སྟེ། དུས་ཚོད་སྐར་ཆ་གཅིག་ཀྱང་འབད་བརྩོན་གྱི་རྣམ་འགྱུར་ལ་བརྟེན་ནས་ལོ་གསར་པའི་ལས་དོན་ཁག་ནང་ཞུགས་དགོས། དོན་དངོས་ལ་བརྩི་འཇོག་དང་། ཆོས་ཉིད་ལ་བརྩི་སྲུང་། ཁ་ཕྱོགས་སྟངས་འཛིན་བཅས་བྱས་ཏེ། སྣེ་ཁྲིད་ནས་སྒྲིག་བཀུར་ཁྲིམས་སྲུང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། གནད་དོན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱེད་པ། “གཙོ་གནད་གཅིག་དང་འཆར་གཞི་གསུམ”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་བྱེད་ཤུགས། གོང་བུ་སྒྲིལ་ཤུགས། གསར་གཏོད་ནུས་པ་བཅས་ཆེ་རུ་གཏོང་དགོས། “མི་དམངས་འཐུས་ཚོགས་ཤེས་རྟོགས”དང“མི་དམངས་འཐུས་ཚོགས་ལ་སྣང་ཆེན”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་བྱེད་སྒོར་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ནས་ཁོར་ཡུག་བཟང་པོ་སྐྲུན་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཝང་ཅུན་དང་། ཏང་ཙུའི་ཁོངས་མི་ཀྲང་ཡན་ཆིང་དང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ། སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།