དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

    2025ལོའི་ཟླ་དང་པོའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་ མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-12

    རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བློ་བཟང་རྒྱལ་མཚན།

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ངས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།

    འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ།

    འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཏེ། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་7འཚོགས་པ་དང་། ཁྲིམས་སྲོལ་གྲོས་གཞི་ཁག་19ལ་གྲོས་ཞིབ་བྱས་པ་དང་གྲོས་གཞི་ཁག་16ལ་གྲོས་འཆམ་བྱུང་བ། ཆུས་བཙུགས་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་17ལ་ཆོག་མཆན་སྤྲད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་4ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས་ཁྲིམས་སྐྱོང་ལས་དོན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། སྙན་ཞུ་ཁག་25ལ་ཉན་ཞིབ་བྱས་པ་དང་། ཆེད་དོན་འདྲི་རྩད་ཐེངས་1བྱས་ནས་བློ་མོས་བྱུང་ཚད་ཀྱི་དཔྱད་གདེང་བྱས་པ། རིགས་འདྲ་མིན་གྱི་བརྟག་ཞིབ་ཐེངས་53བྱས་པ། གྲོས་ཆོད་དང་གཏན་འབེབས་ཁག་19བཟོས་ཡོད།

    གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་དུ་བཏང་བ།

    དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“གཏན་འཁེལ་གཉིས”ལ་གོང་བཀུར་རྩེ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་ཡོད།

    (གཅིག) ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་བརྒྱབ་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཁྱོན་ཡོངས་ལ་སྤྱི་འདོམས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལ་ངོས་འཛིན་གཏིང་ཟབ་བྱས་པ། དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱས་པའི་གྲུབ་འབྲས་གལ་ཆེན་རང་རྟོགས་ངང་བེད་སྤྱོད་བྱས་པ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་སྟངས་འཛིན་གཏིང་ཟབ་བྱས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད། ལོ་ཧྲིལ་པོར་གཅིག་སྡུད་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་ཐེངས་29བྱས་པ་དང་མི་དམངས་འཐུས་ཚོགས་ཀྱི་འཆད་སྟེགས་དུས་ཐེངས་4སྤེལ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་ཉིད་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་པ་དང་། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་རང་རྟོགས་ངང་ལྷག་བསམ་རྣམ་དག་དང་། སྤྱོད་ཚུལ་གཞུང་དྲང་། ཐེག་པ་འཁུར་ལེན་བཅས་ཐུབ་པར་སྐུལ་འདེད་བཏང་ཡོད།

    (གཉིས) ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་རང་སྐྱོང་ལྗོངས་ཀྱི་རྟེན་འབྲེལ་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་སྐབས་གནང་བའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། ལས་འགན་ཞིབ་ཕྲ་ཁག་བགོས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཡོད། དགོངས་སྐོར་སྙན་ཞུའི་ལམ་ལུགས་ནན་དུ་བཏང་ནས་དུས་ཐོག་དང་རང་འགུལ་གྱིས་ལྗོངས་ཏང་ཨུད་ལ་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་གལ་ཆེན་དང་། ཁྲིམས་འཛུགས་གལ་ཆེན། ལས་དོན་གལ་ཆེན། དོན་གནད་གལ་ཆེན་བཅས་དགོངས་སྐོར་སྙན་སེང་ཞུས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ལོ་འཁོར་མོའི“གཙོ་གནད་གཅིག་དང་འཆར་གཞི་གསུམ”ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་བཟོ་འབེབས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ཁ་ཕྱོགས་གཅིག་མཐུན་དང་། དམིགས་ཚད་གཅིག་མཐུན། གོམ་སྟབས་གཅིག་མཐུན་བཅས་ཡོང་བར་བྱས་ཡོད།

    (གསུམ) རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཙུགས་ནས་70འཁོར་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བའི་རྟེན་འབྲེལ་ལ་དམིགས་ཏེ། བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་དང་། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་འབྲི་བ། ཆེད་དོན་རྩོམ་བསྡུ་དང་པར་རིས་དཔྱད་ཡིག་གི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་བཅས་བྱས་ནས་བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་ལེན་བསྟར་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ཤུལ་ལམ་གང་ལེགས་མངོན་པར་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་འཆད་འགྲེལ་བྱས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་བསྒྲགས་བྱས་པ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་འཕེལ་རིམ་གྱི་ཕན་འབྲས་དང་གཞི་རྩའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་བཅས་ཀྱི་ཐོག་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    (བཞི) བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ས་དང་པོར་གཞི་ཚུགས་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་སྒོ་ནས་ཨ་རིའི“བོད་འབྲེལ་ཁྲིམས་གཞི”ཞེས་པར་དམིགས་ནས་གསལ་བསྒྲགས་ནན་པོ་སྤེལ་ཏེ། ཨ་རིའི་ཕྱོགས་གཏོགས་ཀྱིས་བོད་འབྲེལ་གནད་དོན་ཐད་ལོ་རྒྱུས་ཀྱི་དོན་དངོས་འཁྱོག་བཤད་ཚབས་ཆེན་བྱས་པའི་བྱེད་སྤྱོད་དང་ཏཱ་ལའི་རུ་ཚོགས་ལ་བརྟེན་ནས་རང་རྒྱལ་གྱི་གོང་འཕེལ་ལ་བཀག་སྐྱིལ་བྱེད་པའི་ལྐོག་ཇུས་ལ་རྒོལ་ལན་ཚ་ཐག་ཆོད་བསློགས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་དབང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ནེ་པ་ལའི་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པ་བོད་དུ་འཚམས་འདྲིར་གདན་འདྲེན་ཞུས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་པོ་ལན་དུ་འཚམས་འདྲིར་བསྐྱོད་པ། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡའི་མཐའ་སྐོར”གྱི་གླེང་སྟེགས་སྐབས་བཞི་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ་བཅས་ཀྲུང་གོའི་བོད་ལྗོངས་ཀྱི་སྐད་སྒྲ་བརྒྱུད་བསྒྲགས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་ཡག་པོར་བཤད་ཡོད། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ས་གནས་གྲོང་ཁྱེར་དང་། འབྲེལ་གཏུག་བྱེད་གནས། གཙོ་གནད་དགོན་སྡེ། མཐའ་མཚམས་ཀྱི་འཐབ་ས་དང་པོ་བཅས་སུ་ཟབ་ཞུགས་ཀྱིས་གཞི་རིམ་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཕན་སྐུལ་བཏང་ཡོད།

    (ལྔ) ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་དགོངས་གཞི་ཡོངས་སུ་དོན་འཁྱོལ་བྱས་པ། དོན་གནད་གལ་ཆེན་གྱི་གཏན་འབེབས་དང་མི་དོན་བསྐོ་འཐེན་གྱི་ལས་དོན་ལེགས་སྒྲུབ་བྱས་ནས་ཏང་གི་དགོངས་དོན་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་བསྐོ་འཐེན་གཅིག་གྱུར་དམ་ཚགས་ཡོང་བར་མཐའ་འཁྱོངས་བྱས་ཏེ། ལོ་ཧྲིལ་པོར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་97ཁྲིམས་ལྟར་བསྐོ་འཐེན་བྱས་ཤིང་། རྩ་ཁྲིམས་ལ་དམ་བཅའ་འཇོག་མཁན་མི་ཐེངས་24སྒྲིག་འཛུགས་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་། འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་བཙུགས་ཡོད།

    གཉིས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ལས་དོན་གྱི་སྤུས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་བ།

    ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་གིས་ཐེ་ཞུགས་བཅས་བྱེད་པའི་ཁྲིམས་འཛུགས་ལས་རྣམ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཟང་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྐྱོང་མཁས་ཡོང་བར་འགན་སྲུང་བྱས་ཡོད།

    (གཅིག) བོད་ཀྱི་ཁྱད་ཆོས་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་ལེགས་སུ་བཏང་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁྲིམས་སྲོལ་གྱི་རྣམ་པ་བརྒྱུད་དེ་གཏན་འཇགས་ཐུབ་པ་དང་རྒྱུན་འཁྱོངས་ཡུན་རིང་བྱས་ཡོད། གཅིག་ནས“བརྟན་ལྷིང”ལ་རྨང་གཞི་བརྟན་པོར་བཏིང་བ། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་བྱེད་ཕྱོགས་ཀྱི་སྐུལ་སྤེལ་སྲོལ་ཡིག་བཟོ་འབེབས་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་དང་ཉེན་མེད་ཐོན་སྐྱེད་སྲོལ་ཡིག་དག་བཅོས་བྱས་པ། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་ཡོད། གཉིས་ནས“གོང་འཕེལ”ལ་ནུས་པ་བསྐྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག་བཟོ་འབེབས་བྱས་པ་དང་། འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག་དང་། ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་བརྒྱབ་པ། གྲོང་ཁྱེར་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག་ལག་བསྟར་བྱེད་རྒྱུའི་འབྲེལ་ཡོད་དངུལ་ཆད་གྲངས་འབོར་ཁ་གསལ་བཟོ་རྒྱུའི་སྐོར་གྱི་མངའ་རིས་ས་ཁུལ་གྱི་གཏན་འབེབས་བཏོན་པ། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་བཅས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དེ་ཁྲིམས་སྲོལ་ཁྲོད་ལག་ལེན་མཐར་ཕྱིན་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཏན་ཏིག་བྱས་ཡོད། གསུམ་ནས“སྐྱེ་ཁམས”ལ་གཟི་དཔལ་རྒྱས་པར་བྱས་པ། འཁྱགས་རོམ་སྲུང་སྐྱོབ་སྲོལ་ཡིག་དང་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག་བཟོ་འབེབས་བྱས་པ་དང་། འདམ་རའི་སྲུང་སྐྱོང་སྲོལ་ཡིག་དང་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་བརྒྱབ་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་སོགས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད། བཞི་ནས“མཐའ་སྟོབས”ལ་ཕན་སྐུལ་བྱས་པ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ལས་འགུལ་དཔེ་སྟོན་ཁུལ་གྱི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་མཐའ་ཁུལ་གོང་འཕེལ་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། ལྔ་ནས“ལམ་ལུགས”ལ་རྣམ་གསར་བཏོད་པ། རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་སྲོལ་ཡིག་དག་བཅོས་བྱས་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་སྲོལ་ཡིག་བཟོ་བཅོས་བྱས་པ། དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བཏོན་པ་བཅས་དུས་བསྟུན་མཉམ་སྐྱོད་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།

    (གཉིས) བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དོན་གཉེར་དང་གོང་འཕེལ་གཏོང་བའི་ཁྲོད་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་བཏང་བ། དམངས་གཙོའི་ཁྲིམས་འཛུགས་དང་སྒོ་དབྱེའི་ཁྲིམས་འཛུགས་ལས་དོན་ལམ་སྲོལ་འཐུས་ལེགས་སུ་བཏང་སྟེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། གཅིག་ནས་གཏམ་སྒོ་རྒྱ་ཆེར་ཕྱེ་བ། ཡུལ་དངོས་བརྟག་ཞིབ་དང་། དྲ་རྒྱ་དང་། ཚོགས་འདུ། ཡིག་ཐོག་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁྲིམས་སྲོལ་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་བསྡུ་ལེན་བྱས་ཏེ། ལོ་ཧྲིལ་པོར་བཟོ་བཅོས་གྲོས་འཆར་བསྡོམས་ཁག་3612བསྡུ་ལེན་བྱས་པའི་ཁྲོད་ནས་ཁག་2567དང་ལེན་བྱས་ཡོད། གཉིས་ནས་བྱེད་སྟངས་གསར་གཏོད་བྱས་པ། ཁྲིམས་འཛུགས་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་དམངས་འདུན“འབྲེལ་ཟམ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ཡང་སྒོས་སུ“སྒོ་ཁར་བསྐྱོད་ནས་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན”བྱེད་ཐབས་འཚོལ་ཞིབ་བྱས་ནས་ཁྲིམས་འཛུགས་ཁྲོད་མི་དམངས་མང་ཚོགས་རིམ་བཞིན་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་ཡོད། གསུམ་ནས་འཛུགས་བསྒྲགས་ཟུང་འབྲེལ་བྱས་པ། ཁྲིམས་འཛུགས་དེ་ཁྲིམས་ལུགས་ཁྱབ་གདལ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཕྱོགས་བསྒྲིགས》དེབ་གྲངས་8500ལྷག་ཙམ་རྩོམ་སྒྲིག་དང་པར་འགྲེམས་བྱས་པ་དང་ཁྲིམས་སྲོལ་གྲོས་འཆམ་བྱུང་རྗེས་ཚང་མ་དུས་ཐོག་ཏུ་དབང་གྲགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། དྲིལ་བསྒྲགས་དང་གསལ་འགྲེལ་གཏིང་ཟབ་དང་ཞིབ་ཚགས་བྱས་ནས་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་། འགན་འཁྲི་དང་འོས་འགན་གསལ་བཤད་གང་ལེགས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཤེས་རྟོགས་ཐུབ་པ་དང་བེད་སྤྱོད་ཐུབ་པ་བྱས་པར་བརྟེན། སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་འདུ་ཤེས་མི་སེམས་ལ་ཟབ་མོར་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།

    (གསུམ) ཆུས་བཙུགས་གྲོང་ཁྱེར་གྱི་ཁྲིམས་འཛུགས་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། གཅིག་འདོམས་མཐུན་སྦྱོར་དང་། སྔོན་ཚུད་ཐེ་ཞུགས། ཡང་ཡང་འབྲེལ་མཐུད། འགག་སྒོ་ནན་སྲུང་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་ཁྲིམས་འཛུགས་ལས་དོན་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། གཅིག་ནས་ཁྲིམས་མཐུན་སྲོལ་མཐུན་ཡོང་བར་སྣང་ཆེན་བྱས་པ། ཆུས་བཙུགས་གྲོང་ཁྱེར་གྱི་ཁྲིམས་སྲོལ་ནང་སྲིད་འཛིན་ཆད་གཅོད་དང་། སྲིད་འཛིན་ཆོག་འཐུས། སྲིད་འཛིན་བཙན་ཤེད་བཅས་འཛུགས་བཀོད་བྱེད་པར་གཙོ་དོན་ཞིབ་བཤེར་བྱས་ཏེ། རྒྱལ་ཁྲིམས་ཀྱི་གཅིག་གྱུར་དང་། གཟི་རྔམ། དབང་གྲགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། གཉིས་ནས་འབྲེལ་མཐུད་དང་མཛུབ་ཁྲིད་ལ་སྣང་ཆེན་བྱས་པ། གཙོ་གནད་སྔ་སྣུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“གཤམ་ལ་སྐྱོད་པ”དང“ནང་ལ་གདན་འདྲེན་ཞུ་བ”སོགས་ཀྱི་བྱེད་སྟངས་སྤྱད་དེ། ལམ་ལུགས་ཇུས་འགོད་བྱེད་པའི་ཁྲིམས་མཐུན་རང་བཞིན་དང་སྤྱོད་འཐུས་རང་བཞིན་སོགས་ཀྱི་གནད་དོན་མདུན་སྣེར་ཐག་གཅོད་གང་ཐུབ་བྱས་ནས་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་དང་གོ་ཆོད་ཡོང་བའི་འགན་ལེན་བྱས་ཡོད། གསུམ་ནས་ནུས་པ་འཛུགས་སྐྱོང་ལ་སྣང་ཆེན་བྱས་པ། ལས་སྒོའི་སྦྱོང་བརྡར་དང་སྒོ་ཁར་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ། ཆུས་བཙུགས་གྲོང་ཁྱེར་གྱི་ཁྲིམས་འཛུགས་ལས་གཉེར་མི་སྣའི་ལས་སྒོའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    གསུམ། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་བཞིན་ལྟ་སྐུལ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ།

    རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། མི་རིགས་ཁག་གི་མང་ཚོགས་ཚོའི་དོ་ཁུར་ལ་ཉེ་བར་བཅར་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་སྣ་འདུས་ཐབས་བཟང་ངང་སྤེལ་བར་བརྟེན། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་གྱི་བཙན་ཐབས་དང་དེའི་ཕན་འབྲས་ཟམ་མི་ཆད་པར་ཤུགས་ཆེར་སོང་ཡོད།

    (གཅིག) ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་དམ་པོར་དམིགས་ཏེ། ཡུན་རིང་བདེ་འཁོད་ལ་ཕན་སྐུལ་བཏང་བ། མཐའ་མིའི་འབབ་འཕར་དང་མཐའ་མཚམས་དགོན་སྡེའི“འདུ་ཤེས་གསུམ”གྱི་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ནས་མཐའ་མཚམས་སྲ་བརྟན་ཡོང་བའི་རྨང་གཞི་བརྟན་དུ་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱིར་སྡོད་རང་མིའི་ཨུ་ལྷན་གྱི་མངགས་དོན་ལྟར“ཕྱིར་སྡོད་རང་མིའི་ལས་དོན་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕན་སྐུལ་གཏོང་རྒྱུ”ཞེས་པ་དང་། ཕྱིར་སྡོད་རང་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་གཙོ་གནད་དང་དཀའ་གནད་སོགས་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད། “ཁང་གཉིས”ཀྱི་སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་ཞིབ་དཔྱོད་ལས་དོན་སོགས་ཀྱི་སྙན་ཞུར་ཉན་ཞིབ་བྱས་ཏེ“ཁང་གཉིས”ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་ལས་ཀའི་གནས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་ཉན་ཞིབ་བྱས་པ་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་སྐོར་གྱི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་ནས་བོད་ལྗོངས་ཁྲིམས་བཞིན་སྐྱོང་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་སྐུལ་བཏང་ཡོད། སྙན་དཔོད་ཞིབ་བཤེར་ལས་དོན་གྱི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་ནས་སྙན་དཔོད་ཞུས་པའི་སྒྲིག་སྲོལ་ཁག་49ཡི་ཚད་ལྡན་ཡིག་ཆར་རང་འགུལ་ཐོག་ཞིབ་བཤེར་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་ཚད་ལྡན་ཡིག་ཆའི་གྲངས་མཛོད་འཐུས་སྒོ་ཚང་དུ་བཏང་ཡོད།

    (གཉིས) སྤུས་ཚད་མཐོ་བའི་གོང་འཕེལ་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོར་གཏོང་དང་སྤུས་འབྲས་ལེགས་འགྱུར་ཡོང་བར་ཕན་སྐུལ་བཏང་བ། རིམ་པ་དེ་གའི་ངེས་རྩིས་དང་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ཞིབ་མཆན་བཀོད་པ་དང་། འཆར་གཞི་དང་། སྔོན་རྩིས། ངེས་རྩིས་བཅས་ཀྱི་སྙན་ཞུ། རྩིས་བཤེར་ལས་དོན་གྱི་སྙན་ཞུ། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་གྱི་སྙན་ཞུ། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་སོགས་ལ་ཉན་ཞིབ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་ཚུལ་གྱི་ཆེད་དོན་ལས་ཀའི་སྙན་ཞུར་ཉན་ཞིབ་བྱས་པ་མ་ཟད། ཆེད་དོན་འདྲི་རྩད་དང་བློ་མོས་བྱུང་ཚད་ཀྱི་དཔྱད་གདེང་ཡང་བྱས་པ། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག“འཕྲེད་སྦྲེལ་གཞུང་མཐུད”ཡོང་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་མགྱོགས་སུ་བཏང་ཡོད། སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་གསར་འཛུགས་འཐུས་ཚང་བྱ་རྒྱུའི་སྐོར་གྱི་ལག་ལེན་བསྟར་ཐབས་བཟོ་འབེབས་བྱས་ཡོད།

    (གསུམ) སྤུས་ཚད་མཐོ་བའི་འཚོ་བར་དམ་པོར་དམིགས་ཏེ། དམངས་འཚོ་འགན་ལེན་ལ་ཕན་སྐུལ་བཏང་བ། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་། དབང་པོ་སྐྱོན་ཅན་ལ་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་རང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་བཅས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ནས་དམིགས་བསལ་རིགས་གྲས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་བྱས་ཡོད། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་བེད་སྤྱོད་དོ་དམ་དང་། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་དང་འཁོར་སྐྱོད། ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་ལས་ཞུགས། ས་ཁད་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོ་དང“ས་ངན”ཁུལ་ནས་གྲོང་ཁྱེར་གཞན་ལ་ཡུལ་སྤོས་བྱས་ཚུལ་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཞིང་རོགས་ཞིང་དར་གྱི་འགན་གཙང་བྱ་ཡུལ་དང་ལས་ཀ་ཡག་པོ་བསྒྲུབས་ཤིང་། “ཞིང་གསུམ”ལས་དོན་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་གཏོང་བའི་གཙོ་གནད་ལས་འགན་ལ་དམིགས་ནས་འབྲེལ་གཏུག་དང་། མཛུབ་སྟོན། བརྟག་ཞིབ་བཅས་བྱས་ཡོད།

    (བཞི) ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་ཡག་པོ་ཡོང་རྒྱུར་ཕན་སྐུལ་བཏང་བ། 2023ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་ཉན་ཞིབ་བྱས་པ་དང་། ལྗོངས་ཡོངས་ཀྱི་གཏེར་རིའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་སྐོར་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུར་གྲོས་ཞིབ་བྱས་པ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་སྒྱུར་ལས་གྲྭའི་འཛུགས་སྐྲུན་དང་། ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན། ལྷ་ཀླུ་འདམ་རའི་མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཁག་གཅིག་གི་ད་ཡོད་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས། སྐྱི་ཚེར་གྱི་སྐྱེ་ཁམས་སླར་གསོ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་ཡོང་བར་སྐུལ་འདེད་བཏང་ཡོད། “འབྱུང་འཕྲོད་གོང་འཕེལ་ཀྱི་བསམ་གཞི་དོན་གཉེར་བྱས་ཏེ། མཛེས་སྡུག་ལྡན་པའི་གཞུང་ལམ་ཁོར་ཡུག་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱ་སྤྱོད་བོད་དུ་སྤེལ་རྒྱུའི་བྱེད་སྒོ་སྤེལ་ཏེ། སྲིད་གཞུང་འགན་ནུས་སྡེ་ཚན་གྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བར་སྐུལ་འདེད་བཏང་ཡོད།

    བཞི། འཐུས་མིར་བརྩི་བཀུར་དང་། འཐུས་མིར་བརྟེན་པ། འཐུས་མིར་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱས་ཏེ། འཐུས་མིའི་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དམངས་འདུན་བསྡུ་ལེན་དང་དམངས་བློ་གཅིག་སྡུད་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད།

    (གཅིག) “འབྲེལ་གཏུག་གཉིས”ཀྱི་གཞི་རྒྱ་སྔར་བས་རྒྱ་ཆེ་བ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འཐུས་མིར་འབྲེལ་གཏུག་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། འཐུས་མི་གདན་འདྲེན་ཞུས་ནས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། རིགས་པས་ཁུངས་སྐྱེལ་ཚོགས་འདུ་སོགས་ལ་ཐེ་ཞུགས་བྱེད་དུ་བཅུག་པ་མ་ཟད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་མི་ཐེངས་57ཟུར་ཞུགས་བྱས་པ་དང་། ཟུར་ཞུགས་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཐེངས་4འཚོགས་ནས་བསམ་འཆར་དང་གྲོས་འཆར་ནན་ཏན་གྱིས་ཉན་འཇོག་བྱས་ཡོད། གཞི་རིམ་དང་མང་ཚོགས་ཁྲོད་དུ་ཟབ་ཞུགས་ཀྱིས་གཅིག་སྡུད་ལྟ་ཞིབ་དང་། ཆེད་དོན་བརྟག་ཞིབ། དྲིལ་བསྒྲགས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། འཐུས་མིས“གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་མི་དམངས་མང་ཚོགས་ལ་འབྲེལ་གཏུག་དམ་ཟབ་བྱ་རྒྱུར་རྒྱབ་སྐྱོར་དང་ཞབས་འདེགས་ཞུས་ཡོད། ལོ་ཧྲིལ་པོར་འཐུས་མི་སྒྲིག་འཛུགས་བྱས་ནས་བྱེད་སྒོ་ཁག་ཐེངས་20ལྷག་ཙམ་སྤེལ་བར་བརྟེན་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་དོན་དང་རྣམ་པ་ཟམ་མི་ཆད་པར་རྒྱ་སྐྱེད་དང་ཕུན་སུམ་ཚོགས་སུ་བཏང་ཡོད།

    (གཉིས) གྲོས་འཆར་གཉེར་སྒྲུབ་བྱེད་ཚད་སྔར་བས་གཏིང་ཟབ་པ། ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་བྱས་ནས་གྲོས་འཆར“གང་ཞིག་འདོན་རྒྱུ་དང་ཇི་ལྟར་འདོན་རྒྱུ”དེ“འབྲེལ་གཏུག་གཉིས”དང་། འཐུས་མིའི་ལྟ་ཞིབ། དེ་བཞིན་སློབ་སྦྱོང་དང་། སྦྱོང་བརྡར། རྟོག་ཞིབ་སོགས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། གྲོས་འཆར“འདོན་པའི”རྨང་གཞི་གང་ལེགས་བཏིང་བ་མ་ཟད། “གྲོས་འདོན་དང་། གཉེར་སྒྲུབ། སྒྲུབ་སྐུལ། ལན་འདེབས། དཔྱད་གདེང”བཅས་ཀྱི་ལྷུ་ཚིགས་ཚང་མར་ཞིབ་ཚགས་སུ་བཏང་ནས་འཐུས་མིའི་གྲོས་འཆར་གྱི“ནང་དོན་སྤུས་ཚད་ལེགས་པོ”དང“གཉེར་སྒྲུབ་ཀྱི་སྤུས་ཚད་ལེགས་པོ”ཡོང་བའི་ཕན་འབྲས་དངོས་ཐོན་རྒྱུར་འབད་བརྩོན་བྱས་ཡོད། སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་གྱི་སྙན་ཞུར་ཉན་ཞིབ་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་འདོན་ཕྱོགས་གཅིག་སྡུད་ཡིན་ཞིང་། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཐོག་དོ་ཁུར་བྱེད་རིགས་ཀྱི་འཐུས་མིའི་གྲོས་འཆར་ལ་འཐུས་མི་སྒྲིག་འཛུགས་བྱས་ནས་གཙོ་གནད་ཞིབ་བཤེར་བྱས་ཡོད། འཐུས་མིའི་བསམ་འཆར་དང་གྲོས་འཆར་གཉེར་སྒྲུབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་ཉམས་མྱོང་སྤེལ་རེས་བྱས་ནས་ལས་ཀའི་འགྲིལ་ཤུགས་གཅིག་ཏུ་བསྒྲིལ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་ཁག་267འབྱོར་ཞིང་ད་ལྟ་ཚང་མ་གཉེར་སྒྲུབ་བྱས་ཟིན་ཡོད།

    (གསུམ) འཐུས་མིའི་ལས་སྒྲུབ་བྱེད་ཤུགས་སྔར་བས་ཆེ་བ། འཐུས་མིའི་ལས་སྒྲུབ་འཇོན་ནུས་འཛུགས་སྐྱོང་ལ་སྣང་ཆེན་བྱས་ཏེ་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་བྱས་པ་དང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་གྲོན་དངུལ་དོ་དམ་བྱ་ཐབས་བཟོ་འབེབས་བྱས་ཡོད། འཐུས་མིའི་འགན་སྒྲུབ་སྐོར་གྱི་སློབ་སྦྱོང་དང་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་སྟེ། འཐུས་མིའི་དྲ་ཐོག་དྲ་མིན་གྱི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4སྒྲིག་འཛུགས་བྱས་པ་དང་། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་5ནང་ཞུགས་པ་དང་། གཞི་རིམ་གྱི་ཞིང་འབྲོག་པའི་འཐུས་མི་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ལྗོངས་ཕྱི་རོལ་གྱི་སློབ་སྦྱོང་དང་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ་ཡོད། ལོ་ཧྲིལ་པོར་དྲ་མིན་གྱི་སློབ་སྦྱོང་དང་། གསོ་སྦྱོང་། རྟོག་ཞིབ་བཅས་ནང་ཞུགས་པའི་འཐུས་མི་230ལྷག་ཙམ་དང་། དྲ་ཐོག་གི་སློབ་སྦྱོང་དང་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་འཐུས་མི་ཁྲི་1.5ཙམ་ལ་ཉེ་བ་ཟིན་པས་འཐུས་མིའི་འགན་སྒྲུབ་སློབ་སྦྱོང་ཡོངས་སུ་ཁྱབ་ཐུབ་པ་བྱས་ཡོད།

    ལྔ། “ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    “ལས་ཁུངས་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངེས་གནས་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ལེན་དང་ནན་དཀྲིས་བྱས་ཐོག རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལམ་ལུགས་དང་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་65བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བས། མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་དང་། ཇུས་གཅོད། ལག་བསྟར་སོགས་ཀྱི་ལྷུ་ཚིགས་ཚང་མ་སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དང་མཐུན་པ་དང་། དམངས་གཙོ་ལྡན་པ། ནུས་ཕྱོད་ཆེ་བ་བཅས་ཡོང་བར་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་སྣེ་ཁྲིད་ལག་བསྟར་ནན་པོ་བྱས་ནས་རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་དོན་སྤེལ་བ་དང་། རང་འགུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིམ་ཁག་མི་དམངས་འཐུས་ཚོགས་དང་མཐུན་སྦྱོར་མཉམ་འགུལ་དམ་ཟབ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཧྲིལ་པོའི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བའི་མི་སྣ་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་གོང་དུ་བཀུར་བ། དམངས་གཙོ་དར་སྤེལ་གཏོང་བ། རང་འགན་གཙང་སྒྲུབ་བྱེད་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དཔུང་ཁག་ཅིག་གཏོད་པར་ཤུགས་བརྒྱབ་ཡོད། “མི་དམངས་འཐུས་ཚོགས་ཤེས་རྟོགས”དང“མི་དམངས་འཐུས་ཚོགས་སྒྲོག་འགྲེལ”བྱེད་པར་མཉམ་འགྲོས་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལམ་ལུགས་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་སྔར་བས་མི་སེམས་ལ་ཟུག་པར་བྱས་ཡོད།

    འཐུས་མི་རྣམ་པ་ཚོ།

    རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ཐུག་ས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་ལམ་སྟོན་གནང་བ་དང་། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་གཉེར་མི་སྣ་ཚང་མས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ། “གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གཞོགས་འདེགས་དམ་ཟབ་དང་ཕྱར་བ་གྲུ་འདེགས་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཡིད་ཆེས་གང་ཡོད་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འཐུས་མི་རྣམ་པ་ཚོ།

    འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་མིག་ལྟ་སྐབས། ང་ཚོར་ཐོབ་པའི་སྔར་ལས་ལྷག་པའི་མྱོང་ཚོར་ཟབ་མོ་ནི། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་ནི་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཏན་ཏིག་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་ནི་བོད་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་ཡག་པོ་བྱ་རྒྱུ་དང་། དུས་བསྟུན་མཉམ་སྐྱོད་ཀྱི་སྒོ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞུང་འཁྱོངས་གསར་འབྱེད་ཀྱི་སྒོ་ནས་འཁོར་སྐྱོད་ཡག་པོ་བྱ་རྒྱུ་བཅས་ནི་བོད་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་གྱི་འགག་རྩ་ཡིན་པ། “ལས་ཁུངས་བཞིའི”ངེས་གནས་བླང་བྱ་ནི་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམིགས་ཚད་ཁ་ཕྱོགས་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་ཅིང་ལས་དོན་ཡག་པོ་སྒྲུབ་པའི་ཚད་གཞི་དང་གཞི་འཛིན་ས་ཡིན་པ་བཅས་རེད། ང་ཚོས་ཉམས་མྱོང་འདི་དག་ཕྱོགས་བསྡོམས་ཡག་པོ་དང་། རྒྱུན་འཁྱོངས་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས།

    རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ད་དུང་ཧེ་བག་དང་མི་འདང་བའི་ཆ་འགའ་ཤས་ཡོད་པ་དེ་ཡང་གཙོ་བོ་ནི། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཐད་ད་དུང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་ལྟ་སྐུལ་བྱེད་པའི་ཕན་འབྲས་ད་དུང་ཆེ་རུ་གཏོང་དགོས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དེ་གནས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་ད་དུང་ཡོངས་སུ་འཚམ་པོ་བྱུང་མེད་པ་ལ་སོགས་རེད། གནད་དོན་དེ་དག་ལ་ང་ཚོས་ཞིབ་འཇུག་ནན་ཏན་དང་ལེགས་བཅོས་ཏན་ཏིག་བྱ་རྒྱུ་ཡིན།

    ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག

    འཐུས་མི་རྣམ་པ་ཚོ།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གསུམ་གཅིག་གྱུར་དམ་ཚགས་ཡོང་བ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་སྔར་བས་གོང་འཕེལ་གཏོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་གསར་གཏོད་རང་བཞིན་གྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྤེལ་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དེ་རེད།

    གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་པོ། གནས་ལུགས་ཆེན་པོ་བཅས་བརྟན་སྲུང་བྱེད་དགོས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱས་ཐོག དེའི་ནང་དུ་འདུས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེ་བཞིན་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོཌ་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱུན་རྣམ་ཅན་དང་། རྣམ་པ་མང་བ། བང་རིམ་ལོགས་དབྱེ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་འགྲོ་བར་བརྟེན་ནས་ཆབ་སྲིད་ཀྱི་ནུས་པ་དང་ལས་སྒྲུབ་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་མཐའ་ཀུན་ཏུ་ཁྱབ་ཐུབ་པར་བྱེད་དགོས།

    གཉིས། མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་ཁག་ཐེག་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ཟིལ་ཤུགས། དབང་གྲགས་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    རྩ་ཁྲིམས་ཀྱིས་ཁྲིམས་འཛུགས་ཁྲོད་དུ་བཟུང་བའི་སྲོག་ཤིང་གི་གནས་བབ་དང་བྱེད་ནུས་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ། ཁྲིམས་འཛུགས་ཀྱི་ལྷུ་ཚིགས་ཚང་མར་རྩ་ཁྲིམས་ཀྱི་འགག་སྒོ་ཡག་པོར་སྲུང་བར་འགན་ལེན་བྱེད་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་སྙན་དཔོད་ཞིབ་བཤེར་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། རྩ་ཁྲིམས་ཀྱི་འདུ་ཤེས་དང་རྩ་ཁྲིམས་ཀྱི་དབང་གྲགས་འཛུགས་སྐྱོང་བརྟན་པོ་བྱེད་དགོས། རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཧྲིལ་པོར་རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་གོང་བཀུར་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།

    གསུམ། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”ཡི་ཁྲིམས་སྐྱོང་རྨང་རྩ་སྔར་བས་སྲ་བརྟན་དུ་གཏོང་དགོས།

    ཕན་ཡོད་གོ་ཆོད་དང་འཕྲལ་མཁོ་སྔོན་བཟོའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་བོད་སྐྱོང་གི་འཕེལ་རིམ་དང་ཆ་འགྲིག་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”དང་འཚམ་མཐུན་ཡོང་བ། མི་དམངས་མང་ཚོགས་ཀྱི་རེ་སྒུག་དོན་གཉེར་བྱེད་པ་བཅས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་འབེབས་བྱེད་དགོས། “བརྟན་ལྷིང”ལ་དམ་པོར་དམིགས་ཏེ། ཐིག་ལེན་དོ་དམ་སྲོལ་ཡིག་དང་ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བྱ་རྒྱུའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་སོགས་ཁྲིམས་སྲོལ་བཟོ་འབེབས་དང་བཟོ་བཅོས་རྒྱག་དགོས། “གོང་འཕེལ”ལ་དམ་པོར་དམིགས་ཏེ། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་འབེབས་བྱེད་པའི་ལས་ཀར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་དང་། ཕྱུགས་ལས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་། རིག་དངོས་སྲུང་སྐྱོབ་སྲོལ་ཡིག་སོགས་ཁྲིམས་སྲོལ་བཟོ་འབེབས་དང་བཟོ་བཅོས་རྒྱག་དགོས། “སྐྱེ་ཁམས”ལ་དམ་པོར་དམིགས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱེད་དགོས་པ་དང་། ནགས་ཚལ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་སོགས་ཁྲིམས་སྲོལ་བཟོ་འབེབས་དང་བཟོ་བཅོས་རྒྱག་དགོས། “མཐའ་སྟོབས”ལ་དམ་པོར་དམིགས་ཏེ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་བའི་དཔེ་སྟོན་ཁུལ་གྱི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་དང་། བཟོ་བཅོས། འཐུས་ཚང་བཅས་བྱེད་དགོས། གོང་ཁྲིམས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་ལྟ་སྐུལ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་བཅོས་རྒྱག་དགོས།

    བཞི། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ལྟ་སྐུལ་ལས་དོན་གྱི་བཙན་པོའི་རང་བཞིན་གྱི་ཕན་པ་དངོས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ལྟ་སྐུལ་དང་རྒྱབ་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཆེད་དོན་བརྟག་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། སྙན་ཞུ་ཉན་འཇོག ཆེད་དོན་འདྲི་རྩད་སོགས་ཀྱི་བྱེད་སྟངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དེ་གང་དུ་སྤེལ་ཡོད་ན་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ཡང་དེའི་རྗེས་ཟིན་ཐུབ་པ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་དང་། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་གྱི་ལྟ་སྐུལ་ལས་དོན་ཕྱོགས་ཡོངས་ནས་འགོ་འཛུགས་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུཌ་སྐྱོང་བྱས་ཚུལ་སོགས་ཀྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་ཉན་ཞིབ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་ཆེད་དོན་ལས་ཀའི་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་ཉན་ཞིབ་བྱེད་དགོས། སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་ལ་ཉན་ཞིབ་དང་སྦྲགས་ཆེད་དོན་འདྲི་རྩད་དང་བློ་མོས་བྱུང་ཚད་ལ་དཔྱད་གདེང་བྱེད་དགོས། མེ་ཟོན་གྱི“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”དང་བཟོ་ཚོགས་ཀྱི“བཅའ་ཁྲིམས་གཅིག་དང་བྱ་ཐབས་གཅིག”སོགས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་། “མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ཀྱི་ལས་དོན། འབྱུང་འཕྲོད་གཏེར་ལས་ཀྱི་གོང་འཕེལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ། “སྨན་བཅོས་མཉམ་འབྲེལ་ཚོཌ་པ”འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད། ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་རྒྱུན་ཆད་མེད་པར་རྗེས་འདེད་སྐུལ་སྤེལ་གཏོང་དགོས།

    ལྔ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པར་སྔར་བས་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་གྱི་གནས་ཚུལ་གསར་པར་གཞི་ཚུགས་ཏེ། དུས་བབ་གསར་པའི་འོག་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་ལྡན་ཐབས་ལམ་ལ་རང་འགུལ་གྱིས་ཞིབ་འཇུག་བྱས་ནས་འཐུས་མིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་དོན་སྤེལ་སྟངས་སྔར་བས་འཚོལ་ཞིབ་བྱེད་དགོས། “འབྲེལ་གཏུག་གཉིས”ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་དགོས། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང་། འཐུས་མིའི་བྱེད་སྒོ་ཁང་། འཐུས་མིའི་ཚོགས་ཆུང་སོགས་འགན་སྒྲུབ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚོགས་འདུ་འགྲོལ་རིང་གི་འཐུས་མིའི་བྱེད་སྒོ་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་དུ་གཏོང་དགོས། འཐུས་མིས་གྲོས་གཞི་དང་གྲོས་འཆར་འདོན་པ་དང་། དེ་གཉེར་སྒྲུབ་བྱེད་པའི་ལས་དོན་ལེགས་བཅོས་བྱེད་དགོས། འཐུས་མིའི་ལས་སྒྲུབ་འཇོན་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་དུས་ཐོག་ཏུ་བཟོ་འབེབས་བྱེད་དགོས། འཐུས་མིའི་འགན་སྒྲུབ་ཉམས་འགྱུར་དྲིལ་བསྒྲགས་དང་ངོམ་སྟོན་ཧུར་ཐག་བྱས་ནས་འཐུས་མིའི་ལས་ཀའི་རྣམ་པ་བཟང་པོ་འཛུགས་སྐྱོང་བྱེད་དགོས།

    དྲུག “ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་རང་ངོས་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོཌ་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཆབ་སྲིད་འཛུཌ་སྐྱོང་དེ་ཨང་དང་པོར་བཞག་ནས་ཏང་ནན་སྐྱོང་གི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱི་གཙོ་རྐང་འགན་འཁྲི་དང་འགོ་ཁྲིད་ལས་བྱེད་པའི“གནས་གཅིག་འགན་གཉིས”ནན་དུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དཔུང་ཁག་གཏོད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་པས“མི་དམངས་འཐུས་ཚོགས་ཤེས་རྟོགས”དང“མི་དམངས་འཐུས་ཚོགས་སྒྲོག་འགྲེལ”བྱེད་པར་སྐུལ་འདེད་གཏོང་དགོས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡག་པོར་སྤེལ་དགོས་པ་བཅས་རེད།

    འཐུས་མི་རྣམ་པ་ཚོ།

    དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ཏེ། དམངས་གཙོ་ཡི་མཚར་སྡུག་ལེའུ་རྩོམ་པ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་ཁར། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་དུས་རབས་གསར་པའི་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་སྦྲགས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།