དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་དང་ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-09

    ཟླ་2ཚེས་7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

    ཟླ་2ཚེས་7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀརྨ་ཚེ་བརྟན་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེ་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་འཆར་འགོད་གནང་བ་དང་། གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། ལྷག་པར་དུ་ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དང་གཞི་རིམ་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ལ་བརྩིས་ཏེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས《ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཟོས་ནས་བཏོན་པ་དང་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་དང་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་དང“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོ་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་ཁ་གསལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་དམིགས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར། རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། དེས་ན་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས། ཆབ་སྲིད་རང་གཤིས་ལ་ཞུན་བརྡར་སྤྲོས་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་ཟབ་མོ་བླངས་ནས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་དང་། “གདེང་ཚོད་བཞི”བརྟན་དུ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་གཏིང་ཟབ་དང་དེར་གོ་བ་ཟབ་མོ་ལེན་པ་དང་། རིགས་པའི་གཞུང་ལུགས་དོན་དངོས་དང་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་དགོས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། ཕུགས་བསམ་དང་དད་སེམས་བརྟན་པོ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ཡོང་བར་འབད་བརྩོན་བྱེད་དགོས།

    མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་སེམས་ནང་མི་དམངས་གནས་བབ་མཐོ་ཤོས་སུ་བཞག་ནས་རང་རྟོགས་ངང་མི་དམངས་མང་ཚོགས་དང་མཉམ་དུ་བསམ་བློ་གཅིག་ལ་གཏོང་བ་དང་ལས་ཀ་མཉམ་དུ་བྱས་ཏེ། ང་ཚོ་དང་མི་དམངས་མང་ཚོགས་དབར་གྱི་ཟོལ་མེད་བརྩེ་དུང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། མང་ཚོགས་ཉེ་འཁོར་གྱི་དོན་དག་ཆུང་ཆུང་དེ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ནས་འགོ་འཛུགས་པ། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་བྱ་བ་ནས་འགོ་འཛུགས་པ། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བཅས་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས་མི་དམངས་མང་ཚོགས་ལ་མཐོང་རྒྱུ་ཡོད་པ་དང་། རེག་རྒྱུ་ཡོད་པ། ཕན་པ་ཐོབ་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཚོགས་ཡིག་གཉིས་བསྡུས་སོགས་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་ཚུལ་མིན་སྤྱོད་ཚུལ་ལ་མུ་མཐུད་བཅོས་སྒྲིག་བྱེད་དགོས། དཔྱད་ཞིབ་ཁུ་བསྡུ་ལེགས་གཏོང་བྱེད་དགོས་ཤིང་། བྱེད་སྟངས་དང་བྱ་ཐབས་ལེགས་སུ་བཏང་སྟེ་དཔྱད་ཞིབ་ཚན་རིག་དང་མཐུན་པ་དང་ཡང་དག་ཡོང་བར་འགན་ལེན་བྱེད་དགོས། དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པར་མཐོང་ཆེན་བྱེད་དགོས་ཤིང་། དཔེ་སྟོན་སྣེ་ཁྲིད་དང་ཉེན་བརྡའི་སློབ་གསོའི་ནུས་པ་གང་ལེགས་བཏོན་ཏེ་གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་བྱེད་དགོས།

    དངོས་སྒྲུབ་དང་འགན་ཁུར་ཤུགས་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། རང་རྟོགས་ངང་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་ལས་ཀ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་ཐུབ་པ་བྱེད་ལ། སྤྱི་ཡོངས་ནས་བཀྲག་མདངས་དེ་བས་ཀྱང་འཚེར་བ་བྱེད་དགོས། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རང་རྟོགས་ངང་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་ལ་འཁྱོལ་བ་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། འགན་འཁྲི་ཡིད་ལ་འཆང་བ་དང་། ཐེག་པ་ཕྲག་ཏུ་འཁུར་བ། ལས་འགན་ལག་ཏུ་ལེན་པ་བཅས་བྱས་ཏེ། གནས་གང་དུ་སླེབས་ཀྱང་དེའི་འགན་འཁྲི་ཁུར་ཐུབ་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་ཀའི་འགན་སེམས་ཤུགས་ཆེར་བཏང་སྟེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པ། རིམ་ཁག་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་དེ་གལ་ཆེའི་གནས་བབ་ཏུ་འཇོག་པ་དང་རྒྱུན་གཏན་གྱི་ལས་ཀའི་གྲོས་རིམ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། ལམ་ལུགས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ། སྔོན་ཐོན་གྱི་དཔེ་མཚོན་འདེམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་བྱེད་སྟངས་ལེགས་པ་དང་ཉམས་མྱོང་བཟང་པོ་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཆགས་པ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།