དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བརྙན་ལམ་ནས་བཀོད་གཏོང་གནང་བ།

    ལིའུ་ཅང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བརྙན་ལམ་ནས་བཀོད་གཏོང་གནང་ཞིང་། འདི་ནི་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་ཚོམས་ཆེན་དུ། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དང་། དིང་རི་རྫོང་། ལྷ་རྩེ་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། གྲམ་མཚོ་ཤང་དང་དགུ་རུམ་གྲོང་ཚོའི་གཞི་རིམ་ལས་བྱེད་པ་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྙན་སེང་གསན་བཞིན་པ།

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀའི་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་དང་ལོ་གསར་ཡག་པོ་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བརྙན་ལམ་ནས་བཀོད་གཏོང་གནང་བ་དང་། གེགས་ཁུལ་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀའི་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་དང་ལོ་གསར་ཡག་པོ་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ས་ཡོམ་གེགས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་། བར་བརྒལ་བཀོད་སྒྲིག གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་བཅས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་ཚོམས་ཆེན་དུ། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དང་། དིང་རི་རྫོང་། ལྷ་རྩེ་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། གྲམ་མཚོ་ཤང་དང་དགུ་རུམ་གྲོང་ཚོའི་གཞི་རིམ་ལས་བྱེད་པ་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྙན་སེང་གསན་པ་རེད།

    “མང་ཚོགས་ཚང་མ་བཀོད་སྒྲིག་ཡག་པོ་བྱུང་སོང་ངམ” “རྨས་མ་དྲག་སྐྱེད་ཡག་པོ་བྱུང་འདུག་གམ” “དངོས་ཟོག་འདང་ངེས་ཡོད་དམ”ཞེས་ཝང་ཅུན་ཀྲེང་གིས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་གནས་ཚུལ་སྙན་སེང་ནན་ཏན་ངང་གསན་ཞིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགན་སྲུང་ནུས་ལྡན་བྱུང་བ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མཁྱེན་རྗེས་ཝང་ཅུན་ཀྲེང་ཐུགས་བློ་ཧ་ཅང་བདེ་པོ་བྱུང་ཞིང་། ཁོང་གིས། ས་ཡོམ་བརྒྱབ་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡོམ་འགོག་གེགས་སེལ་ལས་དོན་ཐད་ཆེད་མངགས་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་སྟེ་ང་ཚོར་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་ལེན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་སྟོན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་མྱུར་པོ། འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས། ཏང་སྲིད་དམག་ཉེན་དམངས་ཀུན་གྱིས་སེམས་ཤུགས་གཅིག་སྒྲིལ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་འཚོལ་སྐྱོབ་དང་། ཚན་རིག་དང་མཐུན་པར་རྨས་མ་སྐྱོབ་བཅོས། གས་སྐྱོན་ཤོར་བའི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཉམས་བཟོ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཚེ་སྲོག་སྲུང་སྐྱོབ་ཀྱི་དམག་འཐབ་དང་། ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེ་བའི་རྨས་མ་སྐྱོབ་བཅོས་ཀྱི་དམག་འཐབ། སྒྲིག་འཛུགས་ནུས་ལྡན་དང་འགན་སྲུང་ནུས་ལྡན་གྱི་མང་ཚོགས་བཀོད་སྒྲིག་གི་དམག་འཐབ་བཅས་བརྒྱབ་པར་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་དང་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་དཔེ་མཚོན་བཏོད་ཡོད། ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་གང་ལེགས་མངོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཆེན་པོ་གང་ལེགས་མཚོན་པ། བོད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་དང་སྤྱི་ཚོགས་རྩ་འཛུགས་ཅན་གྱི་ཆུ་ཚད་གང་ལེགས་མངོན་པ། བོད་ཀྱི་རིམ་ཁག་ལས་བྱེད་པའི་ལས་ཀའི་འཇོན་ཐང་དང་སྤྱོད་ཚུལ་བཟང་པོར་ཞིབ་དཔྱད་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ལས་དོན་ལེགས་པར་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་སྒྱུར་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ཏེ། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་སྲོག་རྩར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་ལངས་ཕྱོགས་གཅིག་པ་འཛིན་པ་དང་། བསམ་བློ་གཅིག་མཐུན་ཡོང་བ། ཤུགས་མཉམ་དུ་རྒྱག་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། ལས་ཀ་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བྱེད་པ། དེ་བས་ལེགས་པའི་སྒོ་ནས་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་སྐུལ་སློང་བཅས་ཡག་པོ་བྱེད་པ། མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པ། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཞག་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་དང་ལོ་གསར་ཡག་པོ་ཞིག་གཏོང་རྒྱུ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། དེ་ཡང་དཀའ་ངལ་ལ་མི་སྐྲག་པ་དང་རྒྱུན་མཐུད་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་སེམས་ཤུགས་མི་ཆག་པ་དང་ལས་ཤུགས་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས་ལས་དོན་ཁག་སྔར་བས་ཏན་ཏིག་དང་ཞིབ་ཚགས་ཧུར་ཐག་ངང་སྒྲུབ་དགོས། བཀོད་སྒྲིག་དང་འགན་སྲུང་གི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་སྟབས་བདེའི་ཁང་པ་དང་ལྷན་སྦྱར་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ་དང་། ཆུ་དང་། གློག དྲ་རྒྱ། འཕྲིན་གཏོང་། འཕྲོད་བསྟེན་ཁོར་ཡུག གསང་སྤྱོད་སོགས་ཀྱི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲོད་བསྟེན་རིམས་འགོག་དང་སྨན་བཅོས་ཞབས་ཞུ་སོགས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་སྡོད་ས་བདེ་འཇགས་ལྡན་པ་དང་། གཙང་སྦྲ་དོད་པ། དྲོ་སོབ་སོབ་བཅས་དངོས་འབྲེལ་ཡོང་བར་བྱེད་དགོས། རོགས་སྐྱོབ་དང་སེམས་ཁུར་ལས་དོན་དངོས་དངོས་རྗེན་རྗེན་ངང་ཡག་པོ་བསྒྲུབས་ནས་རྨས་མ་སྐྱོབ་བཅོས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། དུས་ཐོག་ཏུ་སེམས་ཁམས་གསོ་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་འཕེལ་བ་བཅས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་ཐུན་མོང་ཐོག་དཀའ་གནད་ལས་སྒྲོལ་བར་ཁྲིད་སྟོན་བྱེད་དགོས། ཡོང་འབབ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། དུད་ཚང་རེ་ལ་ཐབས་ཇུས་རེ་བཟོས་ནས་འབབ་འཕར་གྱི་བྱ་ཐབས་གཏན་འཁེལ། རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་གནད་སྨིན་བཅས་བྱས་ཏེ་གནོད་འཚེའི་རྐྱེན་གྱིས་དབུལ་ལོག་མི་ཐེབས་པར་བྱེད་དགོས། དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་འཚོ་བ་དང་། བཟའ་བཏུང་། ཡུལ་སྲོལ་གོམས་གཤིས་བཅས་ལ་བསམ་གཞིག་གང་ལེགས་བྱས་ཏེ། འཚོ་བའི་མཁོ་ཆས་མཁོ་སྤྲོད་དང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་ཟོལ་མེད་ངང་དུས་ཆེན་རིང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཟབ་མོ་ཚོར་བ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་ནས་ཡོམ་འཕྲོ་དང་ས་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་གྱི་གནམ་གཤིས་ངན་པར་གཙོ་གནད་ཐོག་དོ་ཁུར་བྱེད་པ། ཁ་གཏད་གཅོག་པ་དང་འགོག་ཟོན་བྱེད་པའི་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་པ། མེ་ཟོན་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། མེ་ཟོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མེ་གློག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་རྟག་ཏུ་གྲལ་བཤེར་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ཏན་ཏིག་སྲུང་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཧུར་ཐག་བསྒྲུབས་ནས་བཀོད་སྒྲིག་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་གྲལ་བཤེར་དང་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་མང་ཚོགས་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་ཡོམ་འགོག་གེགས་སེལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཚན་རིག་དང་མཐུན་པར་འཆར་འགོད་དང་སྐུལ་འདེད་ཧུར་ཐག་བཏང་ནས་གནོད་འཚེ་ཕོག་ཚུལ་གཏན་འཁེལ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད། འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་བཅས་གང་མགྱོགས་ཁ་གསལ་བཟོ་བ་དང་། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཏན་ཏན་ཏིག་ཏིག་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།