དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་ལྷ་ཀླུ་འདམ་རར་ཕེབས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་འཐབ་ས་དང་པོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་མི་སྣར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

    ཟླ་1ཚེས་29ཉིན་ནི་ལུགས་རྙིང་ལོའི་ལོ་གསར་ཚེས་གཅིག་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ཀླུ་འདམ་རར་ཕེབས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་། འཐབ་ས་དང་པོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་མི་སྣར་འཚམས་འདྲི་གནང་ནས། ཚང་མར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཤའོ་ཡིའུ་ཚའེ་དང་ལང་ཧྥུ་ཁོན་ལྷན་དུ་ཕེབས་ཡོད་པ་རེད།

    དཔྱིད་གསར་སྐབས་ཀྱི་ལྷ་ཀླུ་འདམ་ར་ནི་ཧ་ཅང་དབེན་ཞིང་འཇམ་ལ་བཀྲ་ཤིས་པའི་རྣམ་པས་ཁེངས། ཝང་ཅུན་ཀྲེང་གིས་རྐང་ལམ་བརྒྱུད་དུ་ཕེབས་ཀྱིན་འདམ་རའི་ཆུའི་སྤུས་ཚད་དང་། སྔོ་ཁེབས། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་མ་ཟད། འདམ་ར་སྲུང་སྐྱོང་གི་ཞིབ་ཕྲའི་བྱ་ཐབས་དང་ཐོབ་པའི་གྲུབ་འབྲས་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྷ་ཀླུ་འདམ་ར་ནི“ལྷ་སའི་གློ་བ”ཡིན་པས་ལྷ་ཀླུ་འདམ་རར་སྲུང་སྐྱོང་ཡག་པོ་བྱེད་པ་དེས་ལྗོངས་ཡོངས་ཀྱི་འདམ་ར་སྲུང་སྐྱོང་ལས་དོན་ཐད་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་ཆར་ཚོད་འཛིན་ལ་མཐོང་ཆེན་བྱེད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་། ཆུ་ཚད་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལྷ་ཀླུ་འདམ་རའི་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། འདམ་རའི་སྐྱེ་ཁམས་མ་ལག་གི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་དང་ཞིབ་འཇུག་བརྡར་གཅོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཕན་འབྲས་གང་ལེགས་འདོན་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ལྗང་མདོག་གི་ཕན་བདེ་དང་སྐྱེ་ཁམས་ཀྱི་ཕན་བདེ་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་གོ་ཆོད་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་དང་ལམ་སྲོལ་དུ་འགྱུར་བ་བཅས་བྱས་ཏེ། འདམ་རའི་སྲུང་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ་འདམ་ར་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་མེ་ཟོན་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་སྐོར་ཞིབ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། འདམ་ར་སྲུང་སྐྱོང་ལ་གོང་འོག་མཉམ་འགུལ་དང་། མཐུན་སྦྱོར་སྐུལ་འདེད། ཐུན་མོང་ཐོག་དོན་འཁྱོལ་བཅས་ཡོང་བར་བྱེད་དགོས། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་འདམ་ར་སྲུང་སྐྱོང་གི་སྤྱི་དམངས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་འདམ་རར་དོ་ཁུར་དང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།