དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-30

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲེང་ཏུའུ་དང་ལྷ་སར་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོར་འཚམས་འདྲི་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རྒན་བཀུར་རྒན་གཅེས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲེང་ཏུའུ་དང་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་བཅས་དང་རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ཁག་སོ་སོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཚང་མ་དང་བཞུགས་མོལ་སྤེལ་རེས་གནང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་གྱི་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    “བཀྲ་ཤིས་བདེ་ལེགས”ཞེས་ས་ཆ་གང་དུ་ཕེབས་རིམ་བཞིན་ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོར་མཇལ་དར་སྒྲོན་རེས་དང་སྨོན་འདུན་ཞུས་གནང་བ་དང་འབྲེལ་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་འཚོ་བ་དང་བདེ་ཐང་གནས་ཚུལ་སྐོར་བཀའ་འདྲི་གནང་སྟེ་ཁོང་རྣམ་པ་དུས་ཆེན་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་ལྷོངས་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་གཏན་འཁེལ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་སྟེ། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དུས་རབས་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། བོད་ལྗོངས་ཀྱང་རྒྱལ་ཡོངས་དང་མཉམ་དུ་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཉིན་ལྟར་སྤེལ་བ་དང་། རྟག་དུ་སྤེལ་བ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་ལ་ཚད་མཐོའི་མཐོང་ཆེན་དང་མཐའ་མཚམས་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཁོང་ཚོས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲ་འགན་ལེན་བྱ་ཆེད་ཧུར་ཐག་འབད་ཐག་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཚང་མས་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མི་དེ་བས་མང་བས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་པར་སྐུལ་ཁྲིད་བྱས་ཏེ། གྲོང་མིའི་འཚོ་བར་ཞབས་འདེགས་ཧུར་ཐག་ཞུ་བ་དང་གྲོང་ཁྱེར་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཧུར་ཐག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱས་ནས་ངལ་རྩོལ་པར་སེམས་ཁུར་དང་གཅེས་སྐྱོང་ཏན་ཏིག་བྱེད་པ་དང་། ངལ་རྩོལ་པར་བརྩི་འཇོག་བྱེད་པའི་རྣམ་པ་བཟང་པོ་ཤུགས་ཆེན་གཏོད་པ། ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་པའི་ལས་ཀ་དང་འཚོ་བར་སྔར་བས་ལེགས་པའི་ཞབས་ཞུ་དང་ཁོར་ཡུག་མཁོ་འདོན་ཧུར་ཐག་བྱེད་པ་དང་། སེམས་པ་དྲོ་སྐྱིད་ལྡན་པ་དང་སྙིང་ཉེ་བའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། བྱ་བ་བཟང་པོ་དང་དོན་དངོས་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ངལ་རྩོལ་པར་དྲོ་སྐྱིད་དང་ཐུགས་ཁུར་དེ་བས་མང་བ་ཚོར་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།