དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་དམག་ཞབས་ཐིམ་པའི་དམག་མི་དང་། སྔོན་གཤེགས་དཔའ་བོའི་ནང་མི། དཀའ་ངལ་ཡོད་པའི་ལས་བཟོ། གཟིགས་སྐྱོང་བྱ་ཡུལ། རྒན་ཡོལ་ཞུས་པའི་བཟོ་པ། ཡོང་འབབ་དམའ་བའི་ཁྱིམ་ཚང་། རིགས་གཅིག་མཁས་ཅན་གྱི་འཐུས་མི། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-30

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་སར་དམག་ཞབས་ཐིམ་པའི་དམག་མི་དང་། སྔོན་གཤེགས་དཔའ་བོའི་ནང་མི། དཀའ་ངལ་ཡོད་པའི་ལས་བཟོ། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ། རྒན་ཡོལ་ཞུས་པའི་བཟོ་པ། ཡོང་འབབ་དམའ་བའི་ཁྱིམ་ཚང་། རིགས་གཅིག་མཁས་ཅན་གྱི་འཐུས་མི། ལས་བྱེད་པ་རྒན་གྲས་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་བསྒྲགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སུ་ཡན་ཅིན་ཧའེ་ཡིས་དམག་ཞབས་ཐིམ་པའི་དམག་མི་དང་། སྔོན་གཤེགས་དཔའ་བོའི་ནང་མི། དཀའ་ངལ་ཡོད་པའི་ལས་བཟོ། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ། རྒན་ཡོལ་ཞུས་པའི་བཟོ་པ། ཡོང་འབབ་དམའ་བའི་ཁྱིམ་ཚང་། རིགས་གཅིག་མཁས་ཅན་གྱི་འཐུས་མི། ལས་བྱེད་པ་རྒན་གྲས་བཅས་ལ་དཀར་གཙང་མཇལ་དར་བསྒྲོན་ནས་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་སུ་སླེབས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ལས་གཅེས་ལས་བརྩོན་དང་འབད་འབུངས་མདུན་སྐྱོད་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་དང་དཀའ་སྤྱད་ཀྱི་རྔུལ་ཆུར་བརྟེན་ནས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་དགོས་ཞེས་གསུངས་པ་རེད།

    “ཁྱེད་རང་ད་ལོ་དགུང་ལོ་ག་ཚོད་ལ་ཕེབས་ཀྱི་ཡོད་དམ”དང་། “ནང་ལ་མི་ག་ཚོད་ཡོད་དམ” “ཕྲུ་གུ་ཚང་མ་ལས་ཀ་གང་བྱེད་ཀྱི་ཡོད་དམ” ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོའི་ལས་བྱེད་པ་རྒན་གྲས་བཀྲ་ཤིས་ཀྱི་ཁྱིམ་དུ་ཡན་ཅིན་ཧའེ་ཡིས་རྒན་རྒོན་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་གི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒན་རྒོན་གྲུང་ཤ་དོད་པ་དང་གཟུགས་པོ་ཐང་པོ་ཡོད་པ་གཟིགས་སྐབས་ཡན་ཅིན་ཧའེ་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་རྒན་རྒོན་ལ་སྐུ་གཟུགས་གསལ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས། ཡན་ཅིན་ཧའེ་ཡིས་ལས་བྱེད་པ་རྒན་གྲས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་དང་། སྒྱུར་བཅོས། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས། ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བརྩི་བཀུར་གྱི་སེམས་པ་དང་། གཅེས་སྐྱོང་གི་བསམ་བློ། དངོས་སྒྲུབ་ཀྱི་བྱ་སྤྱོད་བཅས་ལ་བརྟེན་ནས་ཁོང་ཚོའི་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱས་ཏེ། ཁོང་ཚོའི་ཚེ་མཇུག་བདེ་ལ་རོལ་བ་དང་ནུས་ཤུགས་ལྷག་མ་འདོན་རྒྱུར་མཐུན་རྐྱེན་སྐྲུན་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤའོ་ཡིའུ་ཚའེ་དང་། ཐང་མིང་དབྱིན། ལུའོ་མེ། རྡོ་རྗེ་ཚེ་སྒྲུབ་བཅས་ལྷན་དུ་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།