ཀརྨ་ཚེ་བརྟན་གྱིས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། རྨས་སྐྱོན་ཕོག་པའི་དམག་མི། སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མི་སོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྷ་སར་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། རྨས་སྐྱོན་ཕོག་པའི་དམག་མི། སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མི་སོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་མཚོན་པར་བྱས་པ་མ་ཟད། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
ལི་ཝུན་ཀེ་དང་ངག་དབང་རྣམ་གཉིས་ལྷན་དུ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་པ་རེད།
ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྲོང་ལྷན་དུ་ཀརྨ་ཚེ་བརྟན་གྱིས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། དམག་དཔུང་གི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པ། རྨས་སྐྱོན་ཕོག་པའི་དམག་མི། སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མིའི་འཐུས་མི་བཅས་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་དཀར་གཙང་གི་མཇལ་དར་བསྒྲོན་ནས་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས། ཚང་མ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བདེན་དཔང་པ་དང་དེའི་ནང་ཞུགས་མཁན་ཡིན་པས། བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བ་ཏང་དང་མི་དམངས་ཀྱིས་བརྗེད་མི་སྲིད་ཅེས་གསུངས། ཀརྨ་ཚེ་བརྟན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་གཞི་རིམ་རྩ་འཛུགས་ཀྱིས་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་སོགས་ཚོགས་སྤྱིར་སྔར་རྒྱུན་ལྟར་དོ་ཁུར་བྱེད་པ་དང་། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས། དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ། ཚང་མའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་མི་ཆད་པར་གཏོང་དགོས་པའི་མངགས་བཅོལ་གནང་བ་རེད།
འཚམས་འདྲི་གནང་རིང་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས། ལོ་གསར་པར་གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད། ང་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བོད་ཀྱི་དོན་དངོས་དང་མཐུན་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་པ་དང་དམངས་འཚོར་རྒྱུན་མཐུད་འགན་ལེན་དང་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བ་ལས་མང་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན། ཚང་མས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཕྱར་བ་གྲུ་འདེགས་དང་མུ་མཐུད་འབད་འཐབ་བྱས་ཏེ་མཛེས་སྡུག་ལྡན་པའི་འཆར་འགོད་དེ་བདེ་སྐྱིད་ལྡན་པའི་དོན་དངོས་སུ་ཧུར་ཐག་བསྒྱུར་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལས་བྱེད་པ་རྒན་གྲས་བསོད་ནམས་ཀྱིས་རྒན་ཡོལ་ཞུས་རྗེས་རང་འགུལ་ངང་ཞུ་གཏུག་གོང་གི་འདུམ་འགྲིག་པ་ཞིག་བྱ་རྒྱུའི་རེ་ཞུ་ཕུལ་བ་དང་། ཁོང་གིས་མང་ཚོགས་ཀྱི་དཀའ་ངལ་བསལ་བས་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་ཡོད། ཀརྨ་ཚེ་བརྟན་བསོད་ནམས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་གི་གཟུགས་པོའི་གནས་ཚུལ་དང་ལས་ཀའི་གནས་ཚུལ་སོགས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁོང་གི“རྒན་ཡོལ་ཞུས་ཀྱང་སེམས་ཤུགས་མ་ཉམས་པ་དང་། ལས་བཀུར་གྱིས་ལས་གནས་ནས་ཁ་མི་བྲལ་བའི”སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་། ཁོང་ལ་གཟུགས་པོར་བདག་གཅེས་བྱས་པའི་འོག་ཡང་འབད་བསྐྱར་འབད་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་ཡག་པོ་བཏང་སྟེ་གནད་དོན་གཞི་རིམ་དུ་ཐག་གཅོད་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།