དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ནུས་ཤུགས་ཡོད་རྒུས་མངའ་རིས་གངས་ལྗོངས་ས་མཐོའི“ནུབ་རྒྱུད་མུ་ཏིག”ལ་འཛུགས་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བཅས་ཡིན་པའི་ཧྲི་ཡུས་ཧུའེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-25

    ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བཅས་ཡིན་པའི་ཧྲི་ཡུས་ཧུའེ་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ཞིང་། ཧྲི་ཡུས་ཧུའེ་ཡིས་ངོ་སྤྲོད་གནང་དོན། 2024ལོར། “མ་འཇོག་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ལོའི”བྱ་སྤྱོད་སྤེལ་ནས་གཙོ་གནད་རྣམ་གྲངས་531ལག་བསྟར་བྱས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་རྒྱུས་རང་བཞིན་གྱི་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཡོད། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། “ཐོན་ལས་ཆེན་པོ་དགུར”སྤྱི་འདོམས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ཀ་བཞི་གདུང་བརྒྱད”ཧུར་ཐག་བསྐྲུན་ཡོད། ཞིང་ལས་གྲོང་གསེབ་པུས“རུ་ཐོག་གི་ཁུ་ལུ་དཀར་པོའི་ར”ཐོ་འགོད་སྲུང་སྐྱོང་བྱས་པ་དང་། “རྒྱུད་གསར་འབྲོང”རྒྱལ་ཡོངས་ཀྱི་གྲགས་ཅན་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པ་བདམས་པ། ལྗང་མདོག་བཟོ་ལས་ལ་མ་འཇོག་ལེགས་གྲུབ་བྱེད་ཚད་77.7%འཕར་ཡོད། ཞང་ཞུང་རིག་གནས་ཐོན་ལས་གླིང་ལ་འཆར་འགོད་བྱས་པ་དང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་། སྤྱི་སྤྱོད་རྐང་འཁོར། རྒྱལ་ཡོངས་ཀྱི་ས་མཐོའི་མི་མེད་སྒྲིག་ཆས་ཚོད་ལྟའི་རྟེན་གཞི་དང་པོ་བཅས་ཀྱི་རྣམ་གྲངས་སྔ་རྗེས་སུ་མངའ་རིས་སུ་དོན་འཁྱོལ་བྱས་ཡོད།

    རང་སྐྱོང་ལྗོངས་གྱི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”དང་ས་ཁུལ་གྱི“དམངས་འཚོའི་དོན་དངོས་བཅུ”དོན་འཁྱོལ་བྱས་ཏེ། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བྱེད་ཚད་97.82%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་2007གསར་འཕར་བྱུང་བ། ཞིང་འབྲོག་པ་8747ལས་ཞུགས་གཞན་སྒྱུར་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་1.04བྱུང་ཡོད། འཕྲོད་བསྟེན་བདེ་ཐང་གྱི“བྱ་སྤྱོད་ཁག་བརྒྱད”ལག་བསྟར་བྱས་པ་དང་། ས་ཁུལ་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར”གཏོད་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་དོན་འཁྱོལ་བྱས་ཏེ“འགན་བཅོལ་ལྔའི”ནང་ཞུགས་ཚད་95%ཡན་ཟིན་པ་དང་། ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་གསོ་རླུང་མཁོ་འདོན་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དོན་འཁྱོལ་ནན་ཏན་བྱས་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་སྟེ། “ཚད་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལམ་ལུགས་བཟོས་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱས་ཏེ། འོས་འགན་ཤིང་སྡོང་ཁྲི་44.08བཏབ་པ་དང་སེང་གེ་ཁ་འབབ་བྱང་རིའི་སྔོ་འགྱུར་ལས་གྲྭས་སྡོང་རྐང་ཁྲི་5.6འདེབས་འཛུགས་བྱས་པ། ས་ཁུལ་གྱི་མཁའ་རླུང་སྤུས་ཚད་དང་ཁོར་ཡུག་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་100%ལ་སླེབས་པ་དང་ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

    ཧྲི་ཡུས་ཧུའེ་ཡིས། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན། མངའ་རིས་ས་ཁུལ་གྱིས“མཐོར་གཏོང་བརྒྱད”ཀྱི་བྱ་སྤྱོད་ལག་ལེན་བསྟར་བ་དང“གསར་པ་བརྒྱད”ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས། “རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་རྒྱུད། དཔལ་འབྱོར་ནི་ཁྱོན”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་ཧུར་ཐག་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གཞི་རྟེན་ཧུར་ཐག་གཏོད་པ་བཅས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་བདེ་སྐྱིད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་ལང་ཚོ་ཆུད་ཟོད་དུ་མི་གཏོང་བར་ལས་དོན་ཧུར་ཐག་བསྒྲུབས་ནས་མདུན་གྲལ་དུ་བསྐྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།