དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་ཡིས་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ལ་བརྟག་ཞིབ་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-25

    ཚེས་15ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་། སྣེའུ་རླངས་འཁོར་བབས་ཚུགས། ལྷ་ས་མེ་འཁོར་བབས་ཚུགས་བཅས་སུ་ཕེབས་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལ་བརྟག་ཞིབ་དང་ཞིབ་བཤེར་གནང་སྟེ། དཔྱིད་གསར་སྐྱེལ་འདྲེན་རིང་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་བྱེད་ནུས་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་མཐོ་རུ་ཧུར་ཐག་བཏང་ནས། ནུས་ཤུགས་ཡོད་རྒུས་གནམ་གཤིས་ངན་པར་འགོག་ཟོན་དང་དེར་ཁ་གཏད་བཅག་སྟེ་དཔྱིད་གསར་སྐྱེལ་འདྲེན་རིང་ཕྱིར་སྐྱོད་སྐབས་བདེ་འཇགས་དང་། སྟབས་བདེ། སེམས་རྩ་འཁོལ་བ་བཅས་དང་། འགྲིམ་འགྲུལ་ཟོག་འགྲེམས་ཀྱི་བདེ་འཇགས་ཤར་གཏོང་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

    རེན་ཝེ་ཡིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་སྐྱེལ་འདྲེན་བྱེད་ནུས་འདང་ངེས་དང་། ཞབས་ཞུ་སེམས་རྩ་འཁོལ་བ། བདེ་སྲུང་འགན་ལེན་ཡོད་པ་བཅས་བྱེད་དགོས་པའི་བླང་བྱ་ལྟར། མཁའ་ལམ་དང་སྐམ་སའི་སྐྱེལ་འདྲེན་དང་། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་གི་འགན་ལེན་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། འགྲིམ་འགྲུལ་འཕྲུལ་་ཆས་བརྗེ་སྒྱུར་དང་། འབྲེལ་མཐུད། ཆ་འཕྲིན་སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་བློ་གཅིག་སེམས་གཅིག་དང་བརྩེ་བ་ཟབ་མོས་དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། འགྲུལ་རྒྱུན་གྱི་འཕེལ་ཕྱོགས་ལ་སྐབས་བསྟུན་བརྡར་གཅོད་བྱས་ཏེ་རང་ལྗོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཕྱིར་སྐྱོད་ཀྱི་དགོས་མཁོ་དང་ཁྱད་ཆོས་དུས་བབ་བཅས་ལ་དམིགས་ནས། ལམ་དུམ་གལ་ཆེན་ཤར་གཏོང་སྐོར་དང་སྐབས་བབ་འགྲོ་ལམ་གྱི་ཆ་འཕྲིན་གནས་ཚུལ། གནམ་གཤིས་སྔོན་བརྡ་བཅས་དུས་ཐོག་ཏུ་ཁྱབ་བསྒྲགས་དང་སྐྱེལ་འདྲེན་གྱི་བྱེད་ནུས་མཁོ་འདོན་སྐབས་བསྟུན་ལེགས་སྒྲིག་བྱས་ནས་དམངས་ཕན་ཞབས་ཞུའི་བྱ་ཐབས་དེ་བས་མང་བ་བཏོན་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་རང་འགུལ་ངང་བརྡ་ལན་ཧུར་ཐག་སློག་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་འཕྲུལ་ཆས་དང་སྒྲིག་ཆས་སྒྲིག་བཀོད་ལ་ཞིབ་བཤེར་ཉམས་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་སྣའི་ལས་རེས་ལ་ཤུགས་སྣོན་རྒྱག་པ། འཐབ་ས་དང་པོའི་ལས་དོན་མི་སྣར་དོ་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་ཞིབ་ཕྲ་བྱས་ནས་ཟུར་བལྟས་ལེབ་མཐོང་གིས་བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།