དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རའི་བཟའ་བཅའི་བདེ་འཇགས་དང་། མཁོ་སྤྲོད་འགན་ལེན། ཟོག་གོང་བརྟན་པོ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-25

    ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ལས་གྲུབ་པའི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གིས། ཤིས་ཧའེ་གྲང་ཕྲེང་ཟོག་འགྲེམས་ཚད་ཡོད་ཀུང་སི་དང་། སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར། ཁ་བཏགས་ཉོ་སྒྲུབ་ཐང་ཆེན་བཅས་སུ་ཕེབས་ནས་འབྲས་དང་གྲོ་ཞིབ་སྣུམ་དང་། ཤ་དང་འོ་མ་སྒོ་ང་། སྔོ་ཚལ་དང་ཤིང་ཏོག་སོགས་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་ཐོན་ཡུལ་དང་། ཞིབ་དཔྱད་དང་རིམས་ནད་ཞིབ་བཤེར། ཁྲོམ་རའི་མཁོ་སྤྲོད། སྤུས་ཚད། རིན་གོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་བཟའ་བཏུང་ཁེ་ལས་སུ་ཕེབས་ནས་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་འཁུར་ཚུལ་དང་བཟའ་བཅའ་མཁོ་སྤྲོད་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དང་གཏོགས་ཁོངས་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། ལྟ་ཞིབ་ཚད་ལེན་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཚོང་ཟོག་གི་རིན་གོང་བརྟན་པོ་ཡོང་བ། ཁ་དན་ཚིག་གནས་ངང་གཉེར་སྐྱོང་བཅས་བྱས་ནས་མང་ཚོགས་ཀྱིས་བློ་བདེ་པོའི་ངང་ཉོ་རྒྱུ་དང་ཟ་རྒྱུ་ཡོང་བ་བྱེད་དགོས། མཁོ་སྤྲོད་སྦྲེལ་མཐུད་དང་ཟོག་ཁུངས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། དེ་བས་ཕུན་སུམ་ཚོགས་ཤིང་སྤུས་ལེགས་ཀྱི་འཛད་སྤྱོད་མཁོ་སྤྲོད་བྱེད་པ། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ་བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་ཚོང་ཟོག་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱེད་དགོས། རང་ཡུལ་ཐོན་རྫས་ཐོན་སྐྱེད་མཁོ་ཚོང་གཞི་གཅིག་ཅན་གྱི་མ་ལག་འཛུགས་པ་དང་ལས་སྟེགས་བཙུགས་ཏེ། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ཐོན་ལས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།