དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།

    〔2025〕ཡིག་ཨང་3པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-23

    ཡན་ཅིན་ཧའེ་ཡི་ལོ་རྒྱུས་ མདོར་བསྡུས། ཡན་ཅིན་ཧའེ། སྐྱེས་པ། བོད་རིགས། 1962ལོའི་ཟླ་3པར་སྐྱེས། སློབ་ཆེན་གྱི་སློབ་རྒྱུས་ལྡན། རྩོམ་རིག་སློབ་རམས་པ། ཀྲུང་གུང་ཏང་ཡོན། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།

    ཀརྨ་ཚེ་བརྟན་གྱི་ལོ་རྒྱུས་ མདོར་བསྡུས། ཀརྨ་ཚེ་བརྟན། སྐྱེས་པ། བོད་རིགས། 1967ལོའི་ཟླ་12པར་སྐྱེས། སློབ་ཆེན་གྱི་སློབ་རྒྱུས་ལྡན། སྤྱི་པའི་དོ་དམ་གྱི་ཤེས་རམས་པ། ཀྲུང་གུང་ཏང་ཡོན། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་ཡོད།

    2025ལོའི་ཟླ་1ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་གསབ་འདེམས་བྱས་པ་རེད། ད་ལྟ་མཚན་ཐོ་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།

    ཀྲུའུ་རེན། ཡན་ཅིན་ཧའེ།

    ཀྲུའུ་རེན་གཞོན་པ། ཀྲང་ཧུང་པོ།(རྒྱ་རིགས)

    ཨུ་ཡོན། (རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས)

    བཀྲ་ཤིས་མཚོ་མོ། (བུད་མེད) པད་མ་ནོར་བུ། ལུའི་ཐའོ། (རྒྱ་རིགས) འཛོམས་དགའ།

    〔2025〕ཡིག་ཨང་4པ།

    2025ལོའི་ཟླ་1ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་གསབ་འདེམས་བྱས་པ་རེད། ད་ལྟ་སྤྱི་བསྒྲགས་སྤེལ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས།

    2025ལོའི་ཟླ་1ཚེས་22ཉིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།