དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-22

     ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ནས་འཐབ་ཕྱོགས་དང་པོའི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་སྟེ། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། སྨྱན་སྦྱོར་ཁག་དང་རྒྱ་ཆེའི་གསར་འགྱུར་ལས་དོན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ། དྲིལ་བསྒྲགས་གཏོང་སྤེལ་ཁྲོད་རྩོམ་སྲོལ་སྔར་བས་བསྒྱུར་ནས་བརྙན་ཤེལ་དང་། སྐད་དུང་། སྨྱུ་གུ་བཅས་སྔར་ལས་མང་བ་གཞི་རིམ་ལ་ཕྱོགས་པ་དང་། མང་ཚོགས་ཉེ་འགྲམ་གྱི་གསོན་ཉམས་དོད་པའི་དཔེ་མཚོན་འདོན་སྤེལ་བྱས་ཏེ་དྲིལ་བསྒྲགས་གཏོང་སྤེལ་དེ་བས་གསོན་ཉམས་ལྡན་པ་དང་དེ་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པར་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་པ་དང་། གོ་ཐུབ་པ། གོ་བ་ལེན་ཐུབ་པ་བཅས་ཡོང་བའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།