དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-21

    འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་ལྷ་སའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ལ་ཞུགས་ནས་གཏམ་བཤད་གནང་བཞིན་པ།

    ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་རེད།

    གྲོས་ཞིབ་གནང་རིང་། འཐུས་མི་ཚོས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མྱོང་ཚོར་དང་འཕེལ་རྒྱས་ཀྱི་སྐོར་གླེང་བ་མ་ཟད། གྲོས་འགོ་ཡང་བཏོན་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་གསན་ཞོར་དུ་ཟིན་བྲིས་བཀོད་གནང་སྟེ་ས་གནས་ས་ཐོག་ཏུ་ལན་ཡང་བསྐྱོན་གནང་ཞིང་། ཁོང་གིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གནང་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནི། ཚུགས་གནས་མཐོ་ལ་ནང་དོན་ཕུན་སུམ་ཚོགས་པ་མ་ཟད། ད་དུང་ལམ་ལུགས་ཀྱི་གདེང་ཚོད་བརྟན་པ་དང་། དམངས་གཙོ་ཁྲིམས་སྐྱོང་དང་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་མངོན་ཡོད། “ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་གྱི་བསམ་ཕྱོགས་དང་དམིགས་ཚད་ཁ་གསལ་ཞིང་། དྲང་གཞག་དྲང་བདེན་དང་ཁྲིམས་འཛིན་གྱི་འགན་འཁྲི་མངོན་ཡོད། ང་རང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས། ལྷ་ས་བརྟན་ལྷིང་བྱུང་ན་གཞི་ནས་ཕྱོགས་ཡོངས་བརྟན་ལྷིང་ཡོང་ངེས་ཤིང་། ཆུ་ཚད་མཐོ་བའི“དུས་བདེའི་ལྷ་ས”སྐྲུན་པར་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྔར་ལས་ལྷག་པའི་སྒོ་ནས་ལམ་སྲོལ་ལེགས་སུ་གཏོང་བ་དང་། བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། ནང་སྦྱོང་དོན་དངོས་ཅན་དུ་འགྱུར་བ་བཅས་བྱེད་དགོས་པ་དང་། འཐུས་མི་རྣམ་པས་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རིང་མིག་དཔེ་འདོན་པ་དང་ཚད་གཞི་འཛུགས་དགོས།

    ལྷ་སའི་དར་རྒྱས་ཀྱིས་ལྗོངས་ཡོངས་ཀྱི་དར་རྒྱས་ལ་སྐུལ་ཁྲིད་བྱེད་དགོས་ཤིང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། སྒུལ་ནུས་གསར་པ་གསར་གཏོད་དང་གསོག་འཇོག་ཐད་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཐོན་ལས་དར་རྒྱས་གཏོང་བ། གཉེར་སྐྱོང་བྱེད་པོ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་ལས་ཞུགས་འགན་ལེན་དང་འབབ་འཕར་ལ་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱེད་པ། གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། “གལ་ཆེན་གཉིས”དང“གསར་གཉིས”ཀྱི་སྲིད་ཇུས་གནད་ལ་འཁེལ་པོས་ལག་ལེན་ཡག་པོ་བསྟར་དགོས། ལྷ་སའི་མཛེས་སྡུག་གིས་ས་ཁོངས་ཡོངས་མཛེས་སྡུག་ལྡན་པར་འགྱུར་བར་ཁྲིད་སྟོན་བྱེད་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ཐུན་མོང་འཕེལ་རྒྱས་ཡོང་བ་མཐའ་འཁྱོངས་བྱེད་པར། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་ལོ་རྒྱུས་ཀྱི་གྲགས་ཅན་གྲོང་ཁྱེར་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ། གྲོང་ཁྱེར་འཛུགས་སྐྲུན་དོ་དམ་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། གནས་འཕྲོད་ལས་འཚམ་གྱི་དེང་རབས་ཅན་གྱི་ལྷ་ས་འཛུགས་སྐྲུན་བྱེད་དགོས། “རི་གཉིས”ཀྱི་འདུ་ཤེས་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་ཤིང་། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་ཀྱིས་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་གངས་ལྗོངས་ས་མཐོའི“སའེ་ཧན་པ”ལྟ་བུར་རྒྱུན་མཐུད་སྐྲུན་དགོས། གྲོང་གསེབ་འཛུགས་སྐྲུན་དང་མཐོར་འདེགས་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ནས། “ཁྲི་སྟོང་ལས་གྲྭ”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་ཀྱི་རྣམ་པ་དང་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས། ལྷ་སའི་འཁྲུག་ཆ་དོད་པོས་ཁྱོན་ཡོངས་འཁྲུག་ཆ་དོད་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། རིག་གནས་ཡུལ་སྐོར་གྱི་འཇམ་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བོད་དུ་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་བཙུགས་པའི་གོ་སྐབས་བཟང་པོར་བརྟེན་ནས། ལྷ་ས་འདི་ཉིད་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་དུ་འགྱུར་བ་བྱེད་པའི་དོན་དངོས་ལ་གཞི་ཚུགས་པ་དང་། གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱེད་པ། ཡུལ་སྐོར་ཐོན་རྫས་དང་མཁོ་སྤྲོད་བྱེད་སྟངས་རིམ་འཇུག་རིམ་སྤོར་བྱེད་པ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས། རིག་གནས་ཀྱི་འཇམ་ཤུགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འདེགས་སྐྱོར་ཆེན་པོར”འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།