དབང་ཧའེ་ཀྲོའུ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཅང་ཝུན་ཕེང་བཅས་ཀྱིས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།
ཚེས་18ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱིས《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོཌ་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཅང་ཝུན་ཕེང་སོགས་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ལ་ཞུགས་པ་རེད།
དབང་ཧའེ་ཀྲོའུ་གསར་འགྱུར་དཔེ་སྐྲུན་དང་སྤྱི་ཚོགས་ཚན་རིག་རིཌ་ཁོངས་ཀྱི་གྲོས་བསྡུར་ལ་ཞུཌ་སྐབས་གསུངས་དོན། གཅིག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུཌ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་དགོས། ཏང་གི་གསར་གཏོད་རིཌ་པའི་གཞུང་ལུགས་སྤྱད་དེ་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེར་དམིཌ་ནས་དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲཌ་སློབ་གསོའི་ཁོངས་གཏོགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་རིག་ལམ་ཅན་གྱི་འགྲེལ་བཤད་གཏིང་ཟབ་ཏུ་གཏོང་བ་དང་མང་ཚོཌ་ཅན་གྱི་དྲིལ་བསྒྲགས་ཐད་ཤུགས་སྣོན་རྒྱག་དགོས། གཉིས་ནས་བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་ཁྱབ་སྤེལ་གཏོང་དགོས། ཨུ་ཡོན་གྱིས“གཏམ་རྒྱུད་ཤོད་པའི”ལས་སྟེཌ་ཀྱི་གཞི་རྟེན་སྤྱད་དེ་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། གསུམ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་ཨུ་ཡོན་གྱི་བྱེད་པོའི་ནུས་པ་གང་ལེགས་འདོན་པ་དང་གླེང་ཕྱོགས་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ནས་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་གྱི་འཕོ་འགྱུར་དང་འཚམ་པར་བྱེད་དགོས། བཞི་ནས་བསམ་བློའི་འདུ་ཤེས་ལེཌ་གཏོང་དང་ལས་གནས་ལ་གཞི་ཚུགས་ཏེ་འགན་ནུས་ཀྱི་ནུས་པ་གང་ལེགས་བཏོན་ནས་གྲོས་གཞི་དང་། ཚོགས་ཆེན་གྱི་གཏམ་བཤད། ཡུལ་བབ་དམངས་འདུན་སོགས་ཀྱི་རྣམ་པ་བརྒྱུད་དངོས་སྒྲུབ་ཀྱི་གྲོས་དང་དངོས་སྒྲུབ་ཀྱི་ཇུས་འདོན་དགོས།
རེན་ཝེ་ཀྲུང་གོ་གུང་ཁྲན་ཏང་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས་གསུངས་དོན། བློ་མཐུན་མོང་ཞའོ་ལིན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་སྲིད་གྲོས་ཀྱི་སྙན་སྒྲོན་དང་བློ་མཐུན་སྒྲོལ་དཀར་གྱིས་གནང་བའི་གྲོས་གཞིའི་སྙན་སྒྲོན་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་པ། ལས་ཀའི་བསམ་ཕྱོགས་གསལ་བ་བཅས་ཡིན་པས་ང་རྦད་དེ་མོས་མཐུན་ཡོད། 2024ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་པོ་འགྲོ་བཞིན་པའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་མདུན་དུ་སྔོན་དཔག་བརྟན་པོ་དང་། གདེང་ཚོད་ཆེར་གཏོང་། འཕེལ་རྒྱས་ལ་སྐུལ་སྤེལ་བཅས་རྒྱུན་མཐུད་བྱས་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་པོ་དང་། འཕར་ཚད་མྱུར་པོ། མི་མངོན་པའི་སྟོབས་ཤུགས་ཆེན་པོ། སྔོན་དཔག་བཟང་པོ། སེམས་ཤུཌ་ཆེན་པོ་བཅས་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོ་སྤོས་ཡོད།
ཤའོ་ཡིའུ་ཚའེ་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུཌ་སྐབས་གསུངས་དོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་གལ་ཆེན་ཚང་མ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྐུལ་འདེད་ནུས་ལྡན་བཏང་བ་དང་། འདས་ཟིན་པའི་ལོ་གཅིག་གི་བྱེད་སྒོ་གལ་ཆེན་ཚང་མ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ནུས་ལྡན་ངང་སྤེལ་བས། བློ་མཐུན་མོང་ཞའོ་ལིན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ལ་ང་རྦད་དེ་མོས་མཐུན་ཡོད། སྨན་རྫས་འཕྲོད་བསྟེན་རིཌ་ཁོངས་ཀྱི་རྒྱ་ཆེའི་ཨུ་ཡོན་ནི་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྔོན་ཐོན་གྱི་འཐུས་མི་དང་མི་དམངས་མང་ཚོགས་ཀྱི་སེམས་ནང་གི“སྲུང་སྐྱོང་བ”ཞིག་ཀྱང་རེད།
ཟླ་བ་ཚེ་རིང་སློབ་གསོ་ལུས་རྩལ་རིགས་ཁོངས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས་གསུངས་དོན། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དེ་ཕྱི་རོལ་ཡུལ་དང་མཐུན་ལ་ཕྱོགས་ཡོངས་དང་དངོས་ཐོག་བདེན་འཚོལ་ཡིན་པ་དང་། བཀོད་སྒྲིག་ལས་དོན་ཞིབ་ཅིང་ཕྲ་ལ་དངོས་སྒྲུབ་དང་གཙོ་གནད་འབུར་དུ་ཐོན་པ་ཞིག་ཡོད་པས། དུས་བབ་གསར་པ་དང་བླང་བྱ་གསར་པར་ལན་བསློགས་ནས་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་ཡོད། མི་བཟང་གསོ་སྐྱོང་བྱ་རྒྱུ་དེ་སློབ་གྲྭ་གཉེར་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་དུ་བརྩིས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ལྔ་མཉམ་འཛིན་གྱིས་གཞི་གཅིག་ཅན་ལ་འགྱུར་བར་སྐུལ་འདེད་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ནུས་ཤུགས་ཡོད་རྒུས་ལེགས་པར་གཉེར་དགོས།
བསོད་ནམས་ཉི་མ་ཆོས་ལུགས་རིགས་ཁོངས(ནང་བསྟན་མཐུན་ཚོགས)ཀྱི་ཚོགས་ཆུང་དང་པོའི་གྲོས་བསྡུར་ལ་ཞུགས་སྐབས་ནན་བཤད་གནང་དོན། ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དེ་བས་བློ་བརྟན་འགྱུར་མེད་ཀྱིས་རང་རྟོགས་ངང་དགའ་ཞེན་བྱེད་དགོས། གཞིས་རྩེའི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་མར་བཀོད་གཏོང་གནང་ནས་ཡོམ་ཁུལ་དུ་བཀོད་འདོམས་གནང་བར་ཕེབས་ཡོད། མིག་སྔར། གེགས་ཁུལ་གྱི་བཀོད་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཡག་པོ་ཐུབ་ཡོད། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་རྣམ་འགྱུར་བརྟན་པོ་འཛིན་རྒྱུ་འགན་ལེན་བྱེད་དགོས། དགོན་སྡེ་དོ་དམ་གྱི་འགན་འཁྲི་ཡག་པོ་ཁུར་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཁྲིམས་འགལ་གྱི་ཆོས་ལུཌ་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། “ཚད་གཞི་བཞིར”བརྩི་སྲུང་ནན་པོ་དང“འདུ་ཤེས་གསུམ”བརྟན་པོར་བཙུགས་ཏེ། སྣེ་ཁྲིད་ནས་རང་ངོས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདུལ་ཁྲིམས་དགེ་རྒན་དུ་བསྟེན་པ། ཁྲིམས་ལྟར་ཆོས་ལུགས་གཉེར་བ། ཆོས་ལུགས་ནན་པོས་སྐྱོང་བ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྒོ་གསུམ་ལེགས་སྡོམ་དང་བབ་ཆགས་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གྱིས་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱེད་དགོས།
ཅང་ཝུན་ཕེང་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ(གཞོན་ནུ་མཉམ་འབྲེལ་ལྷན་ཚོགས)དང་། སྤྱི་ཁྱབ་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་གྲོས་བསྡུར་ལ་ཞུགས་སྐབས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཨུ་ཡོན་རྣམ་པས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། བསམ་བློའི་ཐད་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོཌ་ཧུར་ཐག་བྱེད་དགོས། སྤྱོད་གཙང་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་དགོས། སྤྱོད་ཚུལ་ལེཌ་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ནས་གཞི་རིམ་ཁྲོད་ཀྱི་ཏང་གི་གཟུགས་བརྙན་གྱི་མགྲིན་ཚབ་པ་དང་མང་ཚོགས་ཉེ་འགྲམ་གྱི་སྙིང་ཉེ་བའི་མི་ཡག་པོ་ཞིག་བྱེད་དགོས།