དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-20

    ཚེས་19ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ཏེ་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོར་ལྷན་དུ་གྲོས་བསྡུར་གནང་བ་རེད།

    གྲོས་བསྡུར་གནང་རིང་། ལི་ཞུའེ་སོགས་ཨུ་ཡོན་བརྒྱད་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ལ་དམིགས་ནས་གཏམ་བཤད་ལྷུག་པོར་སྤེལ་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཞིབ་ཚགས་བཀོད་གནང་སྟེ་ཨུ་ཡོན་གྱི་དོ་ཁུར་ལ་ལན་བསྐྱོན་ཡོད། ཁོང་གིས་ཚང་མའི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་ལྡན་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་གྱི་ཆེད་ལས་བྱང་ཚད་གང་ལེགས་མཚོན་པ། སྲིད་གྲོས་ཀྱི་ཨུ་ཡོན་གྱིས་དམངས་ཆེད་འགན་འཁྲི་གཙང་སྒྲུབ་བྱེད་པའི་བརྩེ་སེམས་མངོན་པ་བཅས་ཡོད་པས་སྲིད་གཞུང་གིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་པ་དེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་འབད་འཐབ་ལྷོད་མེད་བཅས་དང་ཁ་འབྲལ་ཐབས་མེད་ལ། སྲིད་གྲོས་ཁོངས་གཏོགས་ཀྱི་རོགས་རམ་ཤུགས་ཆེན་དང་ཡང་ཁ་འབྲལ་ཐབས་མེད། ང་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཆེན་པོ་གཏིང་ཟབ་ཚོར་བར་བྱས་ཏེ་དྲིན་ཚོར་གྱི་བསམ་པ་དེ་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ཧུར་ཐག་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། 2025ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་འགྲིལ་ལོ་ཞིག་རེད། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཆབ་སྲིད་ལ་སྣང་ཆེན་གྱིས་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། རང་རྟོགས་ངང་སྲིད་གྲོས་ལས་དོན་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཁྲོད་ཇུས་འགོད་དང་དོན་འཁྱོལ་བྱེད་པ། ལྗོངས་ཡོངས་ཀྱི་ལྟེ་བ་དང་སྤྱི་ཡོངས་ཁྲོད་རང་འགུལ་ངང་མཉམ་འདྲེས་བྱས་ནས་འགན་འཁྲི་དང་ལས་འགན་སྒྲུབ་དགོས་པ་དང་། ལེགས་ཆ་དར་སྤེལ་དང་འཕེལ་རྒྱས་དོན་གཉེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དབར་གྱི་འབྲེལ་བར་རྩོད་སྒྲུབ་ཀྱི་ལྟ་ཚུལ་འཛིན་ཏེ། ཆེད་དོན་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཏོན་གནང་བའི“འཕེལ་རྒྱས་དང་སྐྱེ་ཁམས”ཀྱི་ས་མཐོའི་རྒྱུགས་ཤོག་ལ་རྒྱུགས་ལན་མཉམ་དུ་འདེབས་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།