དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-20

    ཚེས་18ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ལི་དང་རྡོ་རྗེ་ཚེ་སྒྲུབ་གྲོས་བསྡུར་ལ་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་ཨུ་ཡོན་ཚོས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གྱིས་ལས་འགན་སྒྲུབ་པའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། ལག་རྩལ་གསར་གཏོད་དང་། ཚོང་གཉེར་ཁོར་ཡུག དངུལ་རྩའི་རྒྱབ་སྐྱོར་སོགས་ཐད་ཐབས་འདོན་ཇུས་འབུལ་གནང་ཞིང་། ལིའུ་ཅང་གིས་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། ཨུ་ཡོན་ཚོ་དང་ཕན་ཚུན་སྤེལ་རེས་དང་དོ་ཁུར་ལ་ལན་བསྐྱོན་གནང་བ་རེད།

    དེ་རྗེས་ལིའུ་ཅང་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།

    ལིའུ་ཅང་གིས། 2025ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་འགྲིལ་ལོ་ཞིག་ཀྱང་ཡིན་པས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས། ཁེ་ལས་ལེགས་སུ་དང་། ཁྱིམ་གཞིས་ཡག་ཏུ། དངོས་ལས་སྟོབས་ཆེར་བཅས་རྒྱུན་ཆད་མེད་པར་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྒྲིལ་བྱེད་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་ནས། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། རྒྱུན་བསྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ལྟེ་བར་དམིགས་ཏེ་འགན་འཁུར་འགན་བསྒྲུབས་དང་། ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཧུར་ཐག་ཡོང་བ་དང་ཞབས་འདེགས་ཞུ་བ་དང་། རང་ངོས་དང་ཁེ་ལས་འཕེལ་རྒྱས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་པ། ཐབས་བཟང་མང་ཙམ་འདོན་པ་དང་ཇུས་བཟང་མང་ཙམ་འབུལ་བ་བཅས་བྱས་ཏེ་གདོང་ལེན་བརྩོན་ལེན་དང་། བྱས་རྗེས་འཇོག་པ། བྱ་གཞག་གཏོད་པ་བཅས་བྱེད་དགོས། བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་གྱིས་འགན་སྒྲུབ་ཧུར་ཐག་བྱས་ནས། ཁེ་ལས་པའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ། རང་རྟོགས་ངང་ཁ་དན་ཚིག་གནས་དང་ཁྲིམས་སྲུང་གཉེར་སྐྱོང་བཅས་བྱས་ཏེ། སྤུས་ཚད་དེ་བས་ལེགས་པ་དང་། ཕན་འབྲས་དེ་བས་ཆེ་བ། འགྲན་ནུས་དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་བར་བྱེད་དགོས། ཐོག་མའི་བསམ་འདུན་བརྟན་སྲུང་གིས་རང་འགན་གཙང་སྒྲུབ་བྱས་ནས། རྒྱལ་གཅེས་ལས་བཀུར་དང་། ཡུན་རིང་བོད་སྐྲུན། གསར་གཏོད་ལས་གཏོད། འཕེལ་རྒྱས་གཉིས་ཕན། ལེགས་ཆ་དང་ཁྱད་ཆོས་གང་ལེགས་འདོན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་རམ་འདེགས་བྱེད་པ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་རྒྱ་ཆེའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་མི་སྣས་ཁེ་ལས་གཉེར་སྐྱོང་ཡག་པོ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།