རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་1ཚེས་19ཉིན་ནས་ཚེས་22ཉིན་བར་འཚོག་རྒྱུ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་1ཚེས་18ཉིན་ནས་ཚེས་21ཉིན་བར་འཚོག་རྒྱུ།
ཚེས་17ཉིན་གྱི་སྔ་དྲོར། གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་1ཚེས་19ཉིན་ནས་ཚེས་22ཉིན་བར་དང་། ཟླ་1ཚེས་18ཉིན་ནས་ཚེས་21ཉིན་བར་འཚོག་རྒྱུ་ཡིན་ཞིང་། འཚོག་ཡུན་ཉིན་4སོ་སོར་ཡིན་པ་རེད། མིག་སྔར་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ཁག་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་སྤེན་པ་ལྷ་མོ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཏུང་ཀུའེ་ཅུན་རྣམ་གཉིས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་དང་། ལས་འགན་གཙོ་བོ། ཉིན་རེའི་བཀོད་སྒྲིག་བཅས་ཁག་སོ་སོར་བརྡ་ཁྱབ་བཏང་གནང་བ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྤེན་པ་ལྷ་མོ་དང་ཏུང་ཀུའེ་ཅུན་གྱིས་ད་དུང་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།