དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་དུ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-18

    ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་དང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཕྱོགས་ཁག་གི་རོགས་སྐྱོབ་དཔུང་ཁག་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀུན་སེམས་གཅིག་སྒྲིལ་དང་། དཀའ་བར་མི་འཛེམ་པར་མདུན་སྐྱོད། དུས་ངལ་མཉམ་སེལ་བཅས་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོ་དང་། མཚོ་སྒང་ཤང་ཡེ་བྱང་གྲོང་ཚོ་དང་ཐང་རི་གྲོང་ཚོ། ཆུ་ལྷོ་ཤང་སྐྱིད་ཞོང་གྲོང་ཚོ་བཅས་ཀྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་སྟབས་བདེའི་ཁང་པ་དང་གུར་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་པ་དང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་ལྷིང་འཇགས་ཡོད་པ་རེད། “ཁྱིམ་ལ་གནོད་འཚེ་གང་འདྲ་ཕོག་འདུག་གམ” “དགུན་སྒྲོལ་གྱི་དངོས་ཟོག་གྲབས་གསོག་འདང་ངེས་ཡོད་དམ” “འཚོ་བར་དཀའ་ངལ་གང་འདུག་གམ”སོགས་གང་དུ་ཕེབས་རིམ་བཞིན་ཡན་ཅིན་ཧའེ་ཡིས་གནོད་འཚེ་ཕོག་པའི་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ལྷག་པའི་དཀའ་ངལ་དང་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་རོགས་སྐྱོབ་ནུས་ལྡན་དང་བཀོད་སྒྲིག་ཡག་པོ་བྱུང་བ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་པ་མཁྱེན་སྐབས། ཡན་ཅིན་ཧའེ་ཡིས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཡོད་པས་དཀའ་ངལ་གང་ཞིག་འཕྲད་ཀྱང་ང་ཚོ་དཔའ་ཞུམ་མི་སྲིད། དཀའ་ངལ་ལས་རྣམ་པར་རྒྱལ་བའི་བློ་སྟོབས་དང་ཆོད་སེམས་བརྟན་དུ་བཏང་ནས་ངར་ཤུགས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་ལ་མཐའ་མའི་རྒྱལ་ཁ་བླངས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཡོམ་འགོག་གེགས་སེལ་གྱི་ལས་དོན་དེ་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་དུས་མཚམས་སུ་ཕྱོགས་ཡོངས་ནས་སླེབས་ཡོད། སྟོབས་ཤུགས་ཧྲག་པོ་མྱུར་དུ་སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་སུ་བསྐྱོད་དེ་ཕྱོགས་ཡོངས་དང་། ཞིབ་ཚགས། དངོས་ཡོད་བཅས་ཀྱི་སྒོ་ནས་གནོད་འཚེའི་གནས་ཚུལ་ལ་ཚོད་སྐོར་དཔྱད་འདོམས་བྱས་ཏེ་གནོད་འཚེའི་གྱོང་གུན་གྱི་ཚོད་སྐོར་སྙན་ཞུ་གང་མགྱོགས་བཟོ་དགོས། སྡོད་ཁང་བསྐྱར་སྐྲུན་བྱེད་པ་དེ་སྔོན་ལ་འཇོག་དགོས། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པ་དང་ཡུལ་བབ་དང་བསྟུན་ནས་གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་གནས་འདེམས་དང་ས་སྤྱོད་འགན་ལེན་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་ལོ་འདིའི་ནང་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱེད་དགོས། འབྲུ་སྣུམ་དང་ཤ་ཚལ་སྒོང་གསུམ་སོགས་ཀྱི་བཟའ་བཅའ་དང་འཚོ་བའི་བུད་ཤིང་མཁོ་སྤྲོད་རྒྱུན་མཐུད་བྱེད་པ་དང་། ཟ་མ་ཚ་པོ་དང་འཚོ་བཅུད་ལྡན་པའི་དངོས་ཟོག་གཅིག་སྡུད་ཐོག་མཁོ་སྤྲོད་བྱེད་པ། ཆུ་དང་། གློག དྲ་བ། དྲོད་ལེན་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་པའི་གསང་སྤྱོད་དང་། གད་སྙིགས་གཤོ་ས། བཙོག་ཆུ་གཙང་གསིང་ས་ཚིགས་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བདེ་ཞིང་སྐྱིད་པའི་འཚོ་བའི་ཁོར་ཡུག་གཏོད་དགོས།

    ཡན་ཅིན་ཧའེ་ཡིས་ད་དུང་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་ནས་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།