དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2025〕ཡིག་ཨང་1པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-17

    བོད་དམག་ཁུལ་ཁང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཡོན་ཧུང་ཀང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཅང་ཝུན་ཕེང་དང་། ལི་ཧྥུའུ་ཀྲུང་། བསམ་གྲུབ་ཚེ་རིང་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱས་པ། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲང་ལི་དང་། ཀྲང་ཧའེ་པོ། པད་མ་ནོར་བུ། བཀྲ་ཤིས་རྡོ་རྗེ། ཚེ་སྒྲོན་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱས་པ། སྤུ་ཧྲེང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བསོད་ནམས་བསྟན་འཛིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱས་པ། སྒར་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྲི་ཡུས་ཧུའེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པར་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་སྙན་ཞུ་གཞིར་བཟུང་། ཡོན་ཧུང་ཀང་དང་། ཅང་ཝུན་ཕེང་། ལི་ཧྥུའུ་ཀྲུང་། བསམ་གྲུབ་ཚེ་རིང་། ཀྲང་ལི། ཀྲང་ཧའེ་པོ། པད་མ་ནོར་བུ། བཀྲ་ཤིས་རྡོ་རྗེ། ཚེ་སྒྲོན། བསོད་ནམས་བསྟན་འཛིན། ཧྲི་ཡུས་ཧུའེ་བཅས་ཀྱི་འཐུས་མིའི་ཐོབ་ཐང་གོ་ཆོད་པའི་གཏན་འཁེལ་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀའོ་ཞུའེ་ཝུན་ལས་ཀ་ལེགས་སྒྲིག་བྱས་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་ལས་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། ཀའོ་ཞུའེ་ཝུན་གྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཁྲེན་ཡུང་ཆི་དང་། དབྱི་ཧུང་ཤིང་། ཝང་ཝུའེ་ཏུང་། ཀྲང་ཤིའུ་ཝུའུ། ཀླུ་མཚོ། ལིའུ་ཙེ་ཧུང་། ཀྲའོ་ཀྲི་ཀང་། དབྱང་ཅིན་ལེ། ཁྲེན་ཅི་ཤིང་། ཙེང་ཅུན། ལི་རུའེ། ཚུའེ་ཡ་ཀྲེ། ཀྲའོ་ཤིན་བཅས་བོད་རང་སྐྱོང་ལྗོངས་ནས་ལས་སྒྱུར(ཕྱིར་སྤོ)གནང་བས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། ཁྲེན་ཡུང་ཆི་དང་། དབྱི་ཧུང་ཤིང་། ཝང་ཝུའེ་ཏུང་། ཀྲང་ཤིའུ་ཝུའུ། ཀླུ་མཚོ། ལིའུ་ཙེ་ཧུང་། ཀྲའོ་ཀྲི་ཀང་། དབྱང་ཅིན་ལེ། ཁྲེན་ཅི་ཤིང་། ཙེང་ཅུན། ལི་རུའེ། ཚུའེ་ཡ་ཀྲེ། ཀྲའོ་ཤིན་བཅས་ཀྱི་འཐུས་མིའི་ཐོབ་ཐང་རང་འགུལ་གྱིས་མཚམས་འཇོག་བྱེད་རྒྱུ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲང་ཤིའུ་ཝུའུ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དེ་མཚུངས་སུ་མཚམས་འཇོག་བྱེད་རྒྱུ་དང་། ཀླུ་མཚོའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དེ་མཚུངས་སུ་མཚམས་འཇོག་བྱེད་རྒྱུ།

    བཅིངས་འགྲོལ་དམག་དམག་མིའི་འཐུས་མི་ཚོགས་ཆེན་ཐོག་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཀྲའོ་ཞང་ཧྥེ་ནད་གཞིས་རྐྱེན་པས་ཚེ་ལས་འདས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཀྲའོ་ཞང་ཧྥེ་ཚེ་ལས་འདས་པར་མྱ་ངན་ཞུས་ཤིང་། ཀྲའོ་ཞང་ཧྥེའི་འཐུས་མིའི་ཐོབ་ཐང་རང་བཞིན་ངང་མཚམས་འཇོག་བྱེད་རྒྱུ།

    ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེ་ཐར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། སྒར་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྟན་པ་དབང་ཕྱུག་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཚེ་ཐར་དང་བསྟན་པ་དབང་ཕྱུག་གི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་རྒྱུ།

    མིག་སྔའི་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པར་དངོས་སུ་འཐུས་མི་428ཡོད་པར་ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

    2025ལོའི་ཟླ་1ཚེས་15ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།