དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-16

    2024ལོའི་ཟླ་12ཚེས་20ཉིན་དང་ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 2024ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ། 2025ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བཅས་བྱས་པ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལོ་གཅིག་རིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་དང་འགོ་ཁྲིད་འོག ང་ཚོས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་པ་དང་ཡུན་རིང་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཡོད། ལྷག་པར་དུ་2024ལོར་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོག་སྐབས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཆེད་མངགས་བཏོན་པ་དང་། རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ལ་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད།

    ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སླར་གསོའི་རང་བཞིན་གྱི་འཕར་ཚུལ་མངོན་ཡོད། གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་1ནས་ཟླ་9པ་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5700ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15%འཕར་བ་དང་། བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89ཙམ་ཟིན་པ། ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་670.55ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད།

    གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པའི་ཐད། ཤའོ་ཁྲོན་ཅང་གིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ལས་དོན་གྱི་སྤྱོད་ཚུལ་ལ་བརྟེན་ནས་ས་གནས་དེ་གའི་རིག་གནས་ཀྱི་ནང་དོན་མུ་མཐུད་གཏིང་ཟབ་སྔོག་པ་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

    གཤམ་གསལ་གྱི་ཕྱོགས་གསུམ་གྱི་ཐད་ནས་གཙོ་གནད་ཐོག་ངར་ཤུགས་སྒྲིམ་པ་དང་རྒྱུན་མཐུད་ཤུགས་འདོན་དགོས་པ་སྟེ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་དོན་གྱི་གཙོ་རྐང་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་ལས་དོན་ལ་བརྟེན་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་རིག་གནས་ཀྱི་མཚོན་རྟགས་དང་བསམ་པའི་མཚོན་རྟགས་རྒྱུན་མཐུད་སྔོག་འདོན་གཏིང་ཟབ་བྱས་ཏེ། བར་སྐོར་གནའ་བོའི་ཁྲོམ་གཞུང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཛེས་ལྗོངས་ཁུལ་དང་ས་ཚིགས་ཀྱི་རིག་གནས་ནང་དོན་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཟུང་འབྲེལ་དམ་ཟབ་བྱེད་པ། ཡུལ་སྐོར་ཐོན་ལས་དང་། མི་རིགས་རིག་གནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་དགོས།

    རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། ཡུལ་སྐོར་གྱིས་རིག་གནས་ཀྱི་བླ་སྲོག་ཕུན་སུམ་ཚོགས་སུ་གཏོང་དགོས། རིག་རྩལ་དང་། བསམ་བཀོད་རིག་གནས། མངོན་མིན་རིག་གནས་ཤུལ་བཞག་བཅས་མཛེས་ལྗོངས་ཁུལ་དུ་ཁྱབ་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གསོལ་མགྲོན་ཁང་དང་བཟའ་བཏུང་སོགས་ལས་རིགས་ལ་བརྟེན་ནས་འཁྲབ་སྟོན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དབྱིངས་ཞུགས་རྣམ་པའི་འཁྲབ་སྟོན་དང་མཉམ་འགུལ་རྣམ་པའི་ཉམས་ལེན་སོགས་ཀྱི་ལས་རིགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་གྱི་རིག་གནས་ཀྱི་བྲོ་བ་དེ་བས་ལེགས་པ་དང་རིག་གནས་ཀྱི་ཡུལ་སྐོར་ཉམས་ལེན་དེ་བས་ལེགས་པོ་ཡོང་བར་བྱེད་དགོས།

    ཁྱད་ལྡན་རྩེར་སོན་གྱི་སྤུས་རྟགས་མཐའ་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འདེགས་སྐྱོར་རྣམ་གྲངས་གལ་ཆེན་ཁག་གཅིག་འཛུགས་སྐྲུན་བྱེད་དགོས། གྲངས་འཛིན་ལག་རྩལ་སྣེ་ཁྲིད་དུ་བྱས་ནས་གྲངས་འཛིན་རིག་གནས་ཡུལ་སྐོར་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ། ཚན་རྩལ་ནུས་སྤྲོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། “གྲངས་འཛིན་རིག་ནུས་ཀྱི་པོ་ཏ་ལའི”རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དཔེ་སྟོན་ཁུལ་དང་། གུ་གེའི་རིག་གནས་སྤྱི་གླིང་སོགས་གྲངས་འཛིན་རིག་གནས་ཡུལ་སྐོར་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་ལྗོངས་སྟོབས་ཆེན་དང་ཡུལ་སྐོར་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་20%ཡན་འཕར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་ཁག་སོ་སོར་17%དང་16%ཡན་འཕར་བའི་བརྩོན་ལེན་བྱས་ཏེ། བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་སུ་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།