དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།

    ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    ཟླ་1ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་32ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་དང་། དིང་རི་རྫོང་གྲམ་མཚོ་ཤང་དང་ལྷ་རྩེ་རྫོང་སོགས་སུ་དུས་གཅིག་ཏུ་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོས་ཚོགས་ཁང་དུ་མྱ་ངན་ཞུ་བཞིན་པ།

    ཟླ་1ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་32ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་དང་། དིང་རི་རྫོང་གྲམ་མཚོ་ཤང་དང་ལྷ་རྩེ་རྫོང་སོགས་སུ་དུས་གཅིག་ཏུ་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་སོགས་བྱེད་སྒོར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐོག་སོ་ལྔ་པའི་གྲོས་ཚོགས་ཁང་གི་རྣམ་པ་སྒམ་བརླིང་ལྡན་པ་དང་། ཝང་ཅུན་ཀྲེང་སོགས་སྒམ་ནན་ངང་གུས་སྟབས་ཀྱིས་བཞེངས་ཤིང་། ཁོང་གིས་ཟླ་1ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད།

    ང་ཚོ་ཚང་མ་ཡར་ལངས་ནས་ས་ཡོམ་ཁྲོད་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུ་རྒྱུའི་གྲོས་འགོ་འདོན་གྱི་ཡིན། ཆུ་ཚོད་9དང་སྐར་མ་32ལ“ཚང་མ་གུས་སྟབས་ཀྱིས་ཡར་ལངས་ཏེ་ངག་བསྡམས་ནས་མྱ་ངན་སྐར་མ་3ཞུ་རོགས”ཞེས་གསུངས་པ་དང་ཆབས་ཅིག ཝང་ཅུན་ཀྲེང་སོགས་དལ་བུར་ཡར་བཞེངས་ནས་སེམས་སྡུག་ཆེན་པོ་གནང་བ་རེད།

    ཟླ་1ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་32ལ། མཁའ་ཟོན་གྱི་ཉེན་བརྡ་དིང་རི་རྫོང་དང་ལྷ་རྩེ་རྫོང་སོགས་ཀྱི་མཁའ་དབྱིངས་སུ་གྲགས། སྐབས་དེར་ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་བ་དང་བྲེལ་འཚུབ་ཆེ་བའི་རོགས་སྐྱོབ་དཔུང་ཁག་ཁུ་སིམ་མེར་གནས། གཞི་རིམ་གྱི་ལས་བྱེད་པ་དང་། དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། མེ་ཟོན་འཐབ་འཛིང་པ། སྨན་དོན་མི་སྣ། སྤྱི་ཚོགས་རོགས་སྐྱོབ་མི་སྣ། དང་བླངས་པའི་འཐུས་མི། དེ་བཞིན་གཞི་རིམ་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་གུས་སྟབས་ཀྱིས་ཡར་ལངས་ནས་མྱ་ངན་ཞུས་པ་རེད།

    འདས་པོ་བདེ་བར་གཤེགས། གསོན་མཁན་འབད་པས་བརྩོན། ཚང་མས་འདས་གྲོངས་སུ་སོང་བའི་ཚེ་སྲོག་ང་ཚོས་བརྗེད་མི་སྲིད། སྐྱོ་གདུང་གི་ཁྲོད་རིག་པ་སྒྲིམ་པ་དང་། གེགས་བར་གྱི་ཁྲོད་མདུན་སྐྱོད་བྱེད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བཅས་ནི་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སེམས་གསོ་ཡག་ཤོས་ཤིག་རེད་ཅེས་བརྗོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་བཅས་ཀྱི་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་ཚང་མར་ཡིད་ཆེས་བརྟན་པོ་ཡོད།

    ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།