དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་མགྱོགས་མྱུར་སྤེལ་བ།

    ཝང་ཅུན་ཀྲེང་གིས་འཕྲལ་དུ་བཀོད་གཏོང་བཀོད་སྒྲིག་གནང་བ་དང་འབྲེལ་ཡོམ་ཁུལ་དུ་ཕེབས་ནས་བཀོད་འདོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-09

    འདི་ནི་ཟླ་1ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པ།

    འདི་ནི་ཟླ་1ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་གི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་ཕེབས་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་གཟིགས་བཞིན་པ།

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་མཛུབ་སྟོན་གལ་ཆེན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་དང་སྦྲགས། ལས་དོན་ཚོགས་ཆུང་ཡོམ་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བར་མཛུབ་ཁྲིད་བྱེད་པར་བཏང་ཡོད། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོམ་འགོག་གེགས་སེལ་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ས་ཡོམ་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་མར་ལས་དོན་གྱི་བླང་བྱ་བཏོན་པ་དང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་བཀོད་གཏོང་བཀོད་སྒྲིག་གནང་བ་མ་ཟད། ཡོམ་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་སེམས་གཏིང་ནས་ཚོར་བར་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཡོམ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བཀོད་གཏོང་བཀོད་སྒྲིག་བྱེད་སྐབས། ཝང་ཅུན་ཀྲེང་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་ལས་ཀྱི་རོགས་སྐྱོབ་མི་སྣ་བཀོད་སྒྲིག་དང་། རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན། རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས། གེགས་སེལ་དང་ཉེན་སེལ་དུས་ཐོག་ཏུ་སྒྲིག་འཛུགས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དགོས། འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་མི་སྣ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཟོག་གྲ་སྒྲིག་ཡག་པོ་བྱེད་པ། གནོད་འཚེའི་གནས་ཚུལ་མཐིལ་རྟོགས་དང་མང་ཚོགས་ལ་སེམས་གསོ་གཏོང་བ། གེགས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་དང་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བཅས་བྱས་ནས་མི་ཧྲེང་རྒན་རྒོན་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་གཙོ་གནད་དོ་ཁུར་དང་དམིགས་བསལ་ལྟ་རྟོག་བྱེད་དགོས། ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་པ་དང་། མི་སྣ་སྒྲིག་འཛུགས་ཀྱིས་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་པ། ཞོར་ཐོན་གནོད་འཚེ་ལས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་གསར་པ་མི་ཕོག་པ་བྱེད་པ། ཆུ་མཛོད་དང་། རི། གློག་ཁང་། ཆུ་ཡུར་སོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ཁང་པ་དང་འགྲོ་ལམ་སོགས་ལ་གནོད་འཚེ་ཕོག་ཚུལ་དུས་ཐོག་ཏུ་མཐིལ་རྟོགས་བྱེད་པ། གཞི་གྲངས་སྔར་བས་ཁ་གསལ་བཟོ་བ། གནོད་འཚེ་ཕོག་པའི་མང་ཚོགས་དང་ཁང་པར་ལོག་སྐྱོན་བྱུང་ཚུལ་བསྡོམས་རྩིས་གནད་སྨིན་བཅས་བྱས་ནས། གོམ་སྟབས་རྗེས་མའི་ཉེན་སེལ་རོགས་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་རྗེས་སྙེག་ཞིབ་འཇུག་དང་བརྡར་གཅོད་བྱེད་དགོས་ཤིང་། ས་ཡོམ་དང་འཕྲལ་སྡོམ་སོགས་སྡེ་ཚན་གྱིས་ས་ཡོམ་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་པ། ས་ཁུལ་ཁག་དང་། གྲོང་ཁྱེར་ཁག སྡེ་ཚན་ཁག་བཅས་ཀྱིས་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་ས་ཡོམ་གྱི་གནས་ཚུལ་དང་། གནོད་འཚེའི་གནས་ཚུལ། ཡོམ་འགོག་གེགས་སེལ་གྱི་འཕེལ་རིམ་བཅས་དུས་ཐོག་དང་གནད་ལ་འཁེལ་པོས་ཁྱབ་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་མི་སེམས་རྣལ་ལ་འབེབས་ཐུབ་པའི་འགན་ལེན་བྱེད་དགོས།

    ཉིན་དེའི་ཉིན་གུང་། ཝང་ཅུན་ཀྲེང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དིང་རི་རྫོང་གྲམ་སོ་ཤང་མགུ་རིང་གྲོང་ཚོ་དང་ཟིང་དཀར་གྲོང་ཚོ་དང་། མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོ། ཆུ་ལྷོ་ཤང་སོགས་སུ་ཕེབས་ནས་རོགས་སྐྱོབ་སྐྱོབ་བཅོས་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སོགས་ལས་དོན་ཁག་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཐའ་མཚམས་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ། ཞོར་ཐོན་གནོད་འཚེ་སྔོན་འགོག གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ། རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ས་ཡོམ་གྱི་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་དང་། ཉེན་སེལ་རོགས་སྐྱོབ་ཀྱི་དངོས་ཟོག་དུས་ཐོག་ཏུ་གཏོང་སྤྲོད། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བཟོ་བར་དམ་འཛིན། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་འདིས་ང་ཚོས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པ་དང་། དམག་འཐབ་ཆེན་པོ་དང་དྲག་པོ་འདིར་རྒྱལ་ཁ་ལེན་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་བཏང་ཡོད།

    ས་ཆ་གང་དུ་འབྱོར་བ་དེ་རུ་ཝང་ཅུན་ཀྲེང་གིས་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་བཅས་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་། མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་ང་ཚོས་དཀའ་ངལ་ཁྱད་བསད་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་ཐོས་སྐབས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཤིང་། མང་ཚོགས་མང་པོ་རང་དབང་མེད་པར་མིག་ཆུ་ཤོར་ཏེ་ཡོམ་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་ཡིད་ཆེས་ཀྱིས་ཁེངས། “ང་ཚོར་རྒན་རྒོན་དང་བྱིས་པ་དགོང་མོར་འཁྱགས་ནས་ཆམ་པ་རྒྱག་པའི་སེམས་ཁྲལ་འདུག”ཅེས་པའི་གེགས་ཁུལ་མང་ཚོགས་ཀྱི་སེམས་ཁྲལ་གསན་སྐབས། ཝང་ཅུན་ཀྲེང་གིས“ཁྱེད་ཚོར་སེམས་ཁྲལ་བྱུང་བ་ང་ཚོར་ཡང་སེམས་ཁྲལ་དེ་རང་བྱུང”ཞེས་གསུངས། རང་བྱུང་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་བ་ཡོད། བཀོད་སྒྲིག་བྱ་ཡུལ་དུ་ཝང་ཅུན་ཀྲེང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཡིད་ཆེས་བརྟན་དུ་གཏོང་དགོས། ཏང་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱེད་ངེས་རེད། ཚང་མས་མཐུན་སྒྲོལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་རོགས་རམ་བྱས་ནས་གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཐུན་མོང་དུ་སྐྲུན་དགོས་པའི་སྐུལ་ལྕག་གནང་བ་རེད། དགོང་མོའི་ཆུ་ཚོད་དྲུག་དང་སྐར་མ་སུམ་ཅུ་ཙམ་ལ་ས་བབ་མཐོ་ཚད་སྨི་4400ཡོད་པའི་བཀོད་སྒྲིག་བྱ་ཡུལ་དུ་གྲང་རླུང་འུར་འུར་དུ་ལྡང་ཡང་གུར་ཁྱིམ་རིམ་བཞིན་ཕུབ་ཟིན་པ་གཟིགས་སྐབས། ཝང་ཅུན་ཀྲེང་གིས་གནོད་འཚེ་ཕོག་པའི་མང་ཚོགས་མྱུར་དུ་གུར་ནང་འཛུལ་ནས་དྲོད་ལེན་བྱེད་པ་ལས་འཁྱག་ཏུ་འཇུག་མི་རུང་བའི་མངགས་བཅོལ་གནང་བ་རེད། ཁོང་གིས། འབྲེལ་ཡོད་སྡེ་ཚན་ལ་གེགས་ཁུལ་གྱི་ས་བབ་མཐོ་བའི་ས་ཁོངས་ཀྱི་དམིགས་བསལ་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། སྲིང་བལ་གྱི་གུར་དང་། སྲིང་བལ་གྱི་སྟོད་ཐུང་། སྲིང་བལ་གྱི་ཕོ་ཁེབས། མེ་ཐབ་སོགས་དངོས་རྫས་བསྡུ་རུབ་བྱེད་པ་དང་། གུར་ཁྱིམ་མགྱོགས་པོ་ཕུབ་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་། ཆུ་ཁོལ་འཐུང་རྒྱུ་ཡོད་པ། གུར་ནང་སྡོད་རྒྱུ་ཡོད་པ། དྲོ་སོབ་སོབ་ངང་མཚན་མོ་སྐྱེལ་ཐུབ་པ། བརྩེ་བ་ཟབ་མོ་ཚོར་ཐུབ་པ་བཅས་བྱེད་དགོས། ཞོར་ཐོན་གནོད་འཚེ་མ་བྱུང་སྔོན་འགོག་ནན་པོ་བྱེད་པ་དང་། ཁང་པར་སྐྱོན་ག་ཚོད་ཕོག་ཡོད་མེད་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ལོག་སྐྱོན་ཚབས་ཆེན་ཕོག་པའི་ཁང་པར་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ། མེ་སྐྱོན་ནན་འགོག་བྱེད་པ། གཙང་སྦྲ་འཕྲོད་བསྟེན་དང་རིམས་འགོག་ལ་དམ་འཛིན་ལྷོད་མེད་བྱེད་པ། ཆམ་རིམས་སྔོན་འགོག་སོགས་ཀྱི་སྨན་རྫས་གྲ་སྒྲིག་ཡག་པོ་བྱེད་པ། བཟའ་བཅའ་དང་འཐུང་ཆུའི་འཕྲོད་བསྟེན་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། རང་འགུལ་ངང་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་བྱེད་པ་དང་། སེམས་ནུས་ཡོད་རྒུས་དཀའ་ངལ་ཐག་གཅོད་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ལ་རང་སྐྱོབ་དང་ཕན་ཚུན་རོགས་རམ་བྱེད་པར་ཁྲིད་སྟོན་བཅས་བྱས་ནས་ཏང་དར་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག མེ་ཟོན། མཐའ་མཚམས་ཞིབ་བཤེར་བཅས་དང་ས་གནས་ཀྱི་རོགས་སྐྱོར་སྟོབས་ཤུགས་ཁག་ལ་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་བཀོད་གཏོང་། མཐུན་སྦྱོར་གཞོགས་འདེགས། མཉམ་ལས་དམ་ཟབ་བཅས་བྱས་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཕྱར་བ་གྲུ་འདེགས་སྒོ་ནས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། རེན་ཝེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། ལུའོ་མེ། ཀྲང་ཧུང་པོ། བསྟན་པ། ཀྲང་ལི། ཐན་སི་ལུང་། ངག་དབང་། ཕེང་ཅུན་ཞ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།