དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-08

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་དང་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་2025ལོའི་ལོ་གསར་གྱི་ཤིས་ཚིག་གི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་ཁྱབ་རྒྱ་ཆེ་ཞིང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་པས། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ། ལོ་གསར་པའི་ནང་འགན་འཁྲི་གསར་པ་མངོན་པ་དང་ལེགས་སྐྱེས་གསར་པ་འབུལ་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། ཁྲོན་བོད་ལྕཌ་ལམ་འཛུཌ་སྐྲུན་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་བྱེད་པ། ལྷ་སའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ལས་ཀའི་སྔོན་ཇུས་ཁག་ཞིབ་ཚགས་སུ་ནན་ཏན་གཏོང་བ་བཅས་བྱས་ཏེ་བྱ་བཟང་ལེགས་པར་སྒྲུབ་པ་དང་དོན་དངོས་ཏན་ཏིག་སྒྲུབ་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུཌ་རྒྱུར་ཤུཌ་རྒྱག་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པར་འགན་ལེན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”ནང་ཞུགས་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུཌ་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱེད་དགོས། གྲོང་མིའི་ཤེས་དཔལ་གྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོཌ་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། ཀྲུང་ཧྭའི་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་བ། ཁྱིམ་ཚང་དང་། ཁྱིམ་སྲོལ། ཁྱིམ་ཚང་སློབ་གསོ་བཅས་འཛུགས་སྐྱོང་ལ་ཤུཌ་སྣོན་བརྒྱབ་སྟེ་དུས་རབས་ཀྱི་སྤྱོད་ཚུལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ་མང་ཚོཌ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོཌ་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་དང་གཅེས་སྐྱོང་བྱེད་པ་དང་། འཕྲལ་སྡོམ་ལས་རེས་དང་། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ། དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་སོཌ་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོཌ་ལ་སྤྲོ་སྣང་དོད་པ་དང་བཀྲ་ཤིས་པའི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་ཀའི་གནས་ཚུལ་སྙན་སེང་ཉན་པ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་གསབ་པ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམ་འཛིན་ལྷོད་མེད་བྱེད་པའི་ལྟེ་བའི་ལས་འགན་ལ་བརྩི་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྤུས་ཚད་མཐོ་པོས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་འཇོག་མཐའ་འཁྱོངས་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུཌ་སྐྲུན་ལས་གྲྭའི་སྤུས་ཚད་དམ་འཛིན་ཡག་པོ་བྱེད་པ་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འབྲུ་རིགས་ཐོན་འབབ་བརྟན་པོ་དང་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་ཆུ་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་བྱས་ཏེ། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། དེང་རབས་ཀྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་ཚན་རྩལ་གསོ་སྦྱོང་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་སོན་བཟང་འདེམས་གསོ་བྱེད་མགྱོགས་སུ་གཏོང་བ། སྣེ་ཁྲིད་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཡོང་བར་སྐུལ་འདེད་ཀྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དཔེ་མཚོན་གྱིས་ལམ་སྟོན་བྱ་རྒྱུ་མཐའ་འཁྱོངས། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་འབྲོག་མང་ཚོགས་ལ་བཟའ་བཅའི་གྲུབ་ཆ་རིམ་བཞིན་ལེགས་སུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་གོམས་པར་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་གྲྭ་སོགས་ལ་དམིགས་ནས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་དེང་རབས་ཅན་གྱི་དགོས་མཁོར་འཚམ་ལ་དེང་རབས་ཚན་རིག་ལག་རྩལ་ལྡན་པའི་ཞིང་འབྲོག་པའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་ཐོག ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་རང་རང་གི་སྒོ་རྩ་ནས་དངོས་འབྲེལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ“རིམ་ལྔའི་ཧྲུའུ་ཅིས”གྲོང་གསེབ་དར་རྒྱས་ལས་དོན་དམ་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་ཐོག ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། “ཞིང་གསུམ”གྱི་ལས་དོན་ཁག་གཏིང་ཟབ་དང་ཞིབ་ཕྲ་སྒྲུབ་དགོས། རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས“ཞིང་གསུམ”གྱི་མ་འཇོག་བརྟན་པོའི་ངང་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག ཞིང་འབྲེལ་རྣམ་གྲངས་ཀྱི་མ་དངུལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་ཚང་མ་རྣག་ཐོག་གཙག་འཁེལ་ཡོང་བའི་འགན་ལེན་བྱེད་དགོས། དངོས་སྒྲུབ་ཀྱི་སྟོན་ཕྱོགས་ཤུགས་ཆེར་བཏང་སྟེ། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིང་འབྲོག་པས་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་དངོས་ཁག་གཅིག་སྒྲུབ་དགོས་པ་དང་ཆབས་ཅིག མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས། གཞི་རིམ་ལས་བྱེད་པར་དོན་འཁྱོལ་ལ་དམ་འཛིན་དང་བྱ་བ་དངོས་སྒྲུབ་པའི་དུས་ཚོད་དང་སེམས་ནུས་སྔར་བས་མང་པོ་ཡོད་པར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།