དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར་གླེང་བ》ཞེས་པ་སློབ་སྦྱོང་གཏིང་ཟབ་གནང་བ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་ཞིབ་འཇུག་ཁང་ཅུས་གཉིས་པའི་ཅུས་ཀྲང་ཝང་ཧའེ་པིན་གྱིས་ཆེད་དོན་ཟུར་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་གནང་དོན། རྒྱུན་སྲིང་ལྷོད་མེད་ངང“སློབ་སྦྱོང”བྱེད་པ་དང་། དགོངས་པ་རྟོགས་པའི་ཁྲོད་གདེང་ཚོད་འཕེལ་བར་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་ལེན་བསྟར་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ལག་ལེན་གྱི་གྲུབ་འབྲས་གསར་གཏོད་བྱེད་རིང་འགྲོ་ལམ་གྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཀྱི་ཁྲོད་ནས་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ལེགས་ཆ་མངོན་གསལ་དོད་པོའི་ཁྲོད་ནས་ལམ་ལུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཁྲོད་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་སུ་རྒྱུན་མཐུད་བསྒྱུར་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་བྱེད་དགོས། ལྟེ་བར་དམིགས་ཏེ“གོ་བ”ལེན་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱེད་རིང་ཁ་ཕྱོགས་གསལ་སྟོན་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ“ཡོད་ཚད་གསུམ”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་སྤེལ་ཚེ་དེ་གར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས“ཇུས་འགོད”དང་། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་ཁྲོད་བྱ་ཐབས་དངོས་མངོན་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་བེད་སྤྱོད་ནན་ཏན་དང་། ཏང་ཨུད་ལ་བརྟེན་ནས་ཁ་ཕྱོགས་སྟངས་འཛིན་དང་། དམངས་གཙོར་བརྟེན་ནས་སྟོབས་ཤུགས་གཅིག་སྡུད། ཁྲིམས་སྐྱོང་ལ་བརྟེན་ནས་འགན་སྲུང་བཅས་མངོན་འགྱུར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས“དྲིལ་བསྒྲགས”བྱས་ཏེ། “མི་དམངས་འཐུས་ཚོགས་ཤེས་རྟོགས་བྱེད་རིང་”ཁྲོད“མི་དམངས་འཐུས་ཚོགས་གླེང་བ”དང་། མི་དམངས་འཐུས་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་འགན་ནུས་གང་ལེགས་འདོན་པ། རིན་ཐང་ལྡན་པ་དང་། ཕན་ནུས་ཆེ་བ། དོན་སྙིང་ཟབ་པ་བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་ཆགས་པར་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི“བཟང་ཆ་གང་ནས་བྱུང་བ”དང“བཟང་ཆ་གང་དུ་ཡོད་པ”གསལ་པོར་རྟོགས་དགོས། རིགས་ཁག་གི་ལས་སྟེགས་དང་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ། བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བཅས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས“ཚེག་གིས་ཐིག་ལ་སྣེ་ཁྲིད་དང་ཐིག་གིས་ངོས་ལ་སྣེ་ཁྲིད་པའི”ཕན་འབྲས་ཆགས་པར་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྣམ་པ་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།