དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཕེབས་ནས་གསུང་བཤད་གནང་བ་དང་། ལིའུ་ཅང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ཟླ་1ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

    ཟླ་1ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་བཅོས་སྐྱོང་འགྲོ་ལམ་ཐོག་བསྐྱོད་ནས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལའེ་ཅའོ་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། རྒྱལ་མཚན། ཀྲང་ཧུང་པོ། མོང་ཞའོ་ལིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་ལས་དོན་དེ་གནས་བབ་གལ་ཆེན་དུ་བཞག་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་དོན་གང་ཡིན་པ་དང་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་ཇི་ལྟར་རྒྱག་དགོས་མིན་ལ་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་གནང་ནས། ང་ཚོས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལེགས་པར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་ཡག་པོ་སྒྲུབ་པ་དང་། གསར་དར་ཁྱབ་ཁོངས་སུ་ཏང་འཛུགས་སྐྱོང་གི་ཁྱབ་རྒྱ་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཙོ་གནད་འབུར་དུ་ཐོན་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ནས་སྤྱི་ཚོགས་ཀྱི་ཚོགས་སྤྱི་གསར་པར་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། མཉམ་ཤུགས་ཆགས་པར་བྱེད་པའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱེད་པ་དང་། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་དང་། གོང་འོག་མཉམ་སྒུལ། མཐུན་སྦྱོར་ནུས་ལྡན་བཅས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་མ་ལག་བཙུགས་ཏེ་ཏང་གི་རྩ་འཛུགས་ཁྱབ་ཚད་དང་ལས་ཀ་ཁྱབ་ཚད་མཐོང་རྒྱུ་ཡོད་པ་ནས་ནུས་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་སྟོབས་ཆེར་གཏོང་བའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ནུས་པ་འདོན་པའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཏང་འཛུགས་སྐྱོང་ལས་དོན་གྱི་དོ་དམ་སྒྲིག་སྲོལ་གསལ་པོ་བཟོས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ལ་ལག་རྩལ་འགག་སྒྲོལ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་སྣེ་ཁྲིད་གདོང་ལེན་བྱེད་པར་ཁྲིད་སྟོན་དང་། ལས་ཞུགས་ཚོགས་སྤྱི་གསར་པ་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་དགོས། དྲོ་སྐྱིད་སྦྱིན་པ་དང་སེམས་ཁུར་བྱེད་པའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཞབས་ཞུ་དོ་དམ་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ལས་ཞུགས་ཚོགས་སྤྱི་གསར་པར་སེམས་ཁུར་དང་ཞབས་འདེགས་ཞུ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་གཏོགས་སེམས་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ཚན་རིག་དང་ནུས་ལྡན་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་མཉམ་འཛུགས་མཉམ་སྐྲུན་བྱེད་ཟབ་ཏུ་བཏང་ནས་སྲིད་གཞུང་བཅོས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་སྙོམས་སྒྲིག་དང་གྲོང་མིས་རང་སྐྱོང་དང་ཕན་ཚུན་མཉམ་འགུལ་ཡག་པོ་ཡོང་བར་བྱེད་དགོས། གཞི་རིམ་སྲིད་དབང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ཐད་རང་ནུས་ཀྱིས་མི་ལྕོགས་པའི་ལས་ཀ་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་སྟེ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་ལ་ཕྱོགས་པའི་ལྟ་བཤེར་དང་། ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་སྤྱི་འབོར་ལ་ཚོད་འཛིན་ནན་པོ་བཅས་བྱས་ནས་གཞི་རིམ་མང་ཚོགས་ཀྱིས་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པར་བྱེད་དགོས། རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོའི(སྡེ་ཁུལ)དོན་དག་གལ་ཆེན་གྱི་ཐབས་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི་འདུ་འགོད་ལག་བསྟར་བྱས་ནས་ཡ་རབས་ཀྱི་སྤྱོད་ཚུལ་གསར་པ་ཏན་ཏིག་འཛུགས་དགོས།

    སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་དང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ཙག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཡིག་འབུལ་ཞུ་བཅར་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལས་དོན་དོན་འཁྱོལ་ཞིབ་ཕྲ་བཅས་བྱས་ཏེ་འབྱུང་རྩ་ནས་སྔོན་འགོག་དང་། གྲལ་བཤེར་འདུམ་འགྲིག ཐུན་མོང་གྲོས་མོལ་བཅས་ཀྱི“ལྷུ་ཚིགས་གསུམ”ལ་དམ་འཛིན་ཡག་པོ་བྱེད་པར་ཤུགས་རྒྱག་པ་དང་། གནད་དོན་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། གཙོ་གནད་ཚོགས་སྤྱིར་སྔོན་འགོག་ཚོད་འཛིན། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བཅས་ཀྱི“ནུས་པ་གསུམ”ཆེ་རུ་གཏོང་བ། སྟོབས་ཤུགས་སྣ་ཚོགས་མཐུན་སྦྱོར་དང་། གནད་དོན་ཁག་བགོས་ཐག་གཅོད། འགན་འཁྲི་ལྡོག་བཤེར་བཅས་ཀྱི“ལམ་སྲོལ་གསུམ”འཛུགས་པ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་ཐོན་བཟོ་ཡོད་དུས་ནས་མེད་པ་ཧུར་ཐག་བཟོ་བ། མི་དམངས་ཀྱི་བསམ་འཆར་བསྡུ་རུབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་དམངས་ཀྱི་བསམ་འཆར་བསྡུ་རུབ་བྱེད་པའི་དྲ་ཐོག་སྟེགས་བུ་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱེད་པ། མི་དམངས་མང་ཚོགས་ཀྱི“ཐབས་ཇུས་ཡག་པོ”གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གསེར་གྱི་ལྡེ་མིག”ལ་དུས་ཐོག་ཏུ་སྒྱུར་བ་བཅས་བྱེད་དགོས། དང་བླངས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དང་བླངས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དང་བླངས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་ས་ཡོད་པའི་སྒོ་ནས་དང་བླངས་ཞབས་ཞུ་སྒྲིག་འཛུགས་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དང་བླངས་ཞབས་ཞུའི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། སྤྱི་ཚོགས་ལས་དོན་གྱི་འགོ་ཁྲིད་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་རིམ་པ་ཁག་གི་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ། སྤྱི་ཚོགས་ལས་དོན་དེ་ཉིད་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇོག་པ་དང་། དུས་བཀག་ལྟར་ཞིབ་འཇུག་བཀོད་སྒྲིག་བྱེད་པ། གཙོ་གནད་གནད་དོན་དང་དཀའ་གནད་ཐག་གཅོད་བཅས་བྱེད་དགོས། སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ལས་དོན་གྱི་སྤུས་ཚད་དང་ལས་ཕྱོད་རྒྱུན་མཐུད་ཆེ་རུ་བཏང་སྟེ། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་ཧུར་ཐག་མངོན་པར་བྱེད་དགོས། སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ལས་དོན་པའི་ཕྱོགས་བསྡུས་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རིགས་ཁག་གི་ཤེས་ལྡན་པ་གཞི་རིམ་དུ་རྩ་བ་ཚུགས་པ་དང་། གཞི་རིམ་བཅོས་སྐྱོང་བྱེད་པ། གཞི་རིམ་ལ་བྱས་རྗེས་འཇོག་པ་བཅས་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། སྤྱི་ཚོགས་ལས་དོན་གྱི་ལས་བྱེད་པས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། རང་འགུལ་ངང་གཞི་རིམ་དུ་ཟབ་འཇུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། སྤྱི་ཚོགས་ལས་དོན་གྱི་རྣམ་པ་ཟབ་མོ་གཏོད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་དཔེ་མཚོན་གཏོད་འདེམས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ལས་དོན་ལ་མི་ཚང་མས་སེམས་ཁུར་དང་། མི་ཚང་མས་བསམ་ཤེས། མི་ཚང་མས་ཐེ་ཞུགས། མི་ཚང་མས་རྒྱབ་སྐྱོར་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།