རང་སྐྱོང་ལྗོངས་སྲིད་གཞུང་གིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སོགས་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་ཀརྨ་ཚེ་བརྟན་གྱིས་གཏམ་བཤད་གནང་བ།
ཚེས་26ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་2025ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》དང་དེ་བཞིན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་གཏོང་ཕྱོཌ་ཀྱི་འཆར་གཞིའི་འཆར་ཟིན། སྔོན་རྩིས་འཆར་ཟིན་བཅས་ཀྱི་སྐོར་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་བཞུགས་མོལ་ཚོགས་འདུ་སོ་སོར་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གཏམ་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་སྙན་སྒྲོན་མ་ཟིན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་ཚོགས་ཞུགས་མི་སྣས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སོགས་ཡིག་ཆར་ཁས་ལེན་དང་མོས་མཐུན་གང་ལེགས་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། ཚང་མས། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སོགས་ཡིག་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་། སྙན་སྒྲོན་མ་ཟིན་འགོད་པའི་བརྒྱུད་རིམ་ནི་ཚན་རིག་དང་མཐུན་པ་དང་། དམངས་གཙོ་ཡིན་པ། ཁྲིམས་གཞིར་འཛིན་པ་བཅས་ཀྱི་སྒོ་ནས་ཐབས་ཇུས་འགོད་པ་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ཀྱིས་བརྗོད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་པོ་དང་། འགན་འཁྲི་ཁུར་སེམས་ཆེན་པོ། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་བ་ཟབ་མོ་བཅས་ཀྱི་ཐོག་ནས། དངོས་སྒྲུབ་དང་གནད་ལ་འཁེལ་བ། མཐོང་རྒྱ་ཆེ་བའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་སོང་། ང་ཚོས་གསེད་བཀྲོལ་དང་ཞིབ་འཇུག་ཏན་ཏིག་གིས་བསྡུ་ལེན་དང་དང་ལེན་གང་ལེགས་བྱེད་དགོས་པ་མ་ཟད། སང་ལོའི་ལས་ཀའི་ཁྲོད་དུའང་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། སྐབས་འདིའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐབས་རིམ་བྱུང་གི་སྲིད་གཞུང་ཚན་ཁག་གིས་བཏིང་པའི་རྨང་གཞི་བརྟན་པོ་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། ལག་ལེན་པ་བཅས་མཐའ་གཅིག་ཏུ་ཡག་པོ་བྱེད་པ་དང་། “མྱུར་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ”དེ་སྲིད་གཞུང་ལས་དོན་གྱི་མངོན་གསལ་དོད་ཤོས་ཀྱི་རྨང་གཞི་ཞིག་ཏུ་འགྱུར་བར་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱིས་སྔར་བཞིན་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་དང་ལྟ་སྐུལ་བཅས་བྱས་ཏེ། སྲིད་གཞུང་གི་ལས་དོན་ལེགས་སུ་གཏོང་བར་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་སྟོབས་ཤུགས་དེ་བས་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔར་བས་རང་རྟོགས་དང་རང་འགུལ་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཡག་པོ་སྒྲུབ་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་མུ་མཐུད་བྱེད་པ། གྲོས་མོལ་ལམ་སྲོལ་མཐའ་འཁྱོངས་བྱེད་པ། ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་དམ་ཟབ་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་གཏོད་པ་བཅས་བྱས་ཏེ། སྲིད་གྲོས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱེད་པར་མཐུན་རྐྱེན་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་གཅིག་སྒྲིལ་གྱིས་རྩོམ་དགོས།