དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་ཐེངས་9པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་ཐེངས་9པ་གཙོ་སྐྱོང་གནང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་སློབ་སྦྱོང་ནན་ཏན་གནང་བ་མ་ཟད། “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་གཅིག་སྡུད་བགྲོ་གླེང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་གི་ལོ་རྒྱུས་ནི་གསོན་ཉམས་དོད་ཤོས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་གཞི་ཞིག་ཡིན་པ་དང་། ཏང་གི་ལོ་རྒྱུས་ནི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་པ་མ་ཟད། རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཀྱང་ཡིན། ང་ཚོས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྲོལ་ཡིག》གི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་དང་བོད་ཀྱི་ལོ་རྒྱུས་དང་བོད་ལྗོངས་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སོགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་སྲོག་ཤིང་གི་རྗེས་སུ་དམ་པོར་སྙེག་པ་དང་དྲིན་ཚོར་འབད་འཐབ་ཀྱི་བསམ་བློའི་རང་རྟོགས་སུ་སྒྱུར་བ་དང་གཅིག་གྱུར་སྲུང་སྐྱོང་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ཤུགས་སུ་སྒྱུར་དགོས། ལོ་རྒྱུས་ཀྱི་ལྟ་བ་ཡོ་བསྲང་དང་དངོས་སུ་སློབ་སྦྱོང་དང་རྒྱུན་དུ་སློབ་སྦྱོང་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། ལས་བྱེད་པ་གསོ་སྦྱོང་དང་། ཏང་ནང་ཁུལ་གྱི་འཚོ་བ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཆེད་དོན་བགྲོ་གླེང་སོགས་ཀྱི་བྱེད་ཐབས་རྒྱ་ཁྱབ་ངང་སྤྱོད་པ་དང་། དྲ་ཚིགས་དང་། དུས་དེབ། སྐད་འཕྲིན་ལས་སྟེགས་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། ཏང་ཡོན་ལས་བྱེད་པས་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། བྱེད་སྟངས་གསར་གཏོད་ཀྱིས་སློབ་སྦྱོང་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དེ་བསམ་པའི་དོན་གཉེར་དང་། ལས་ཀའི་འགན་འཁྲི། འཚོ་བའི་རྒྱུན་རྣམ་བཅས་སུ་འགྱུར་བར་དངོས་སུ་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷག་པར་དུ་ཏང་ཡོན་འཐུས་མིས་ཏང་གི་ལོ་རྒྱུས་ཤེས་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ། ཏང་གི་ལོ་རྒྱུས་སྤྱོད་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལོ་རྒྱུས་དཔྱད་གཞིར་འཛིན་ནས་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་ནུས་པ་གང་ལེགས་འདོན་རྒྱུར་སྐུལ་མ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལོ་རྒྱུས་ཀྱི་ཐོག་ནས་སྐད་ཆ་ཤོད་པ་དང་དོན་དངོས་ཀྱི་ཐོག་ནས་སྐད་ཆ་ཤོད་རྒྱུར་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་གང་ལེགས་བཅས་བྱས་ནས། མི་དམངས་རང་ཁྱིམ་རང་བདག་སྔར་བས་བརྟན་པོ་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།