དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་ཁྲིམས་དཔོན་མཐུན་ཚོགས་དང་བུད་མེད་ཁྲིམས་དཔོན་མཐུན་ཚོགས་སྐབས་བརྗེས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-12

    ཚེས་9ཉིན། བོད་རང་སྐྱོང་ལྗོངས་ཁྲིམས་དཔོན་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་བུད་མེད་ཁྲིམས་དཔོན་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ་རེད། ཚོགས་འདུའི་ཐོག་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་དང་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་སྐབས་གསར་པའི་ཁྲིམས་དཔོན་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཏང་གིས་མཐུན་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞིར་དམིགས་པ”དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འདྲི་གཅོད་ལས་དོན་གྱི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། “ཆབ་སྲིད་ཐོག་ནས་ལྟ་བ་དང་ཁྲིམས་སྐྱོང་ཐོག་ནས་སྒྲུབ་པའི”ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་གང་ཐུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།