དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོར་བཅའ་སྡོད་ནེའུ་ཙི་ལན་གྱི་གཞུང་ཚབ་ཆེ་མོ་བ་དང་བཅས་པར་བཞུགས་མོལ་གནང་བ།

    ལང་ཧྥུའུ་ཁོན་དང་མའོ་རུའེ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-07

    ཚེས་3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ལྷ་སར་ཀྲུང་གོར་བཅའ་སྡོད་ནེའུ་ཙི་ལན་གྱི་གཞུང་ཚབ་ཆེ་མོ་བ་མའོ་རུའེ་དང་བཅས་པར་བཞུགས་མོལ་གནང་བ་རེད།

    ལང་ཧྥུའུ་ཁོན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་མའོ་རུའེ་དང་བཅས་པ་བོད་དུ་ལྟ་སྐོར་དང་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་ཞིང་། ཁོང་གིས་ཀྲུང་གོ་དང་ནེའུ་ཙི་ལན་ནི་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་50ལྷག་ཙམ་རིང་། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས“ཨང་དང་པོ”མང་པོ་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཕྱི་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་ཏན་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེའུ་ཙི་ལན་གྱི་སྤེལ་རེས་མཉམ་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    མའོ་རུའེ་ཡིས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་ནེའུ་ཙི་ལན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དང་ནེའུ་ཙི་ལན་གྱིས་ཀྲུང་གོའི་བོད་ལྗོངས་དང་མཛའ་གྲོགས་འགྲོ་འོང་བྱས་པར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་ལྟ་སྐོར་དང་འཚམས་འདྲི་བྱས་པ་དེས་ནེའུ་ཙི་ལན་ཕྱོགས་ཀྱིས་བོད་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་ཐུབ་ཚད་ཆེ་རུ་ཕྱིན་ཡོད། ཕྱོགས་གཉིས་པོས་སླད་ཕྱིན་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།