དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཡུལ་ནད་དང་དགུན་དཔྱིད་གཉིས་ཀྱི་འགོ་ནད་དང་དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-07

    ཚེས་4ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་། རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས། ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་སུ་ཕེབས་ཏེ་ཡུལ་ནད་དང་། དགུན་དཔྱིད་གཉིས་ཀྱི་འགོ་ནད། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཅས་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་དགུན་དཔྱིད་ནི་ཆམ་རིམས་སོགས་འགོ་ནད་ཐོན་མང་བ་དང་གཅིག་སྡུད་ཐོག་ཐོན་པའི་དུས་ཚིགས་ཤིག་ཡིན་པས་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་གནས་བབ་ཨང་དང་པོར་བཞག་ནས་ནད་ཡམས་སྔོན་འགོག་དང་སྐྱོབ་བཅོས་ལས་དོན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ལོ་མཇུག་དང་ལོ་འགོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པས“སོ་ལྟའི་ས་ཚིགས་ཀྱི”ནུས་པ་གང་ལེགས་བཏོན་ཏེ“སྔོན་འགོག་གཙོ་བོ་དང་། འགོག་བཅོས་ཟུང་འབྲེལ། ཚན་རིག་དང་མཐུན་པའི་མཛུབ་ཁྲིད། དུས་ཐོག་ཏུ་སྐྱོབ་བཅོས”བཅས་ཀྱི་རྩ་དོན་གཞིར་བཟུང་། འགོས་ནད་འགོག་བཅོས་ལས་དོན་ཧུར་ཐག་སྒྲུབ་པ་དང་། དྲ་རྒྱའི་ལྟ་ཞིབ་ཚད་ལེན་ལས་སྟེགས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་སྨན་པ་བསྟེན་མཁན་ནད་པའི་ནད་རྟགས་དང་། ནད་རྐྱེན་གྱི་གྲུབ་ཚུལ། དེ་བཞིན་འགྱུར་ལྡོག་འགྲོ་ཚུལ་བཅས་ཁོང་དུ་ཆུད་པར་བྱས་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལ་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།