དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གླ་ཆ་འགྱངས་ཆད་ཀྱི་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-06

    ཚེས་2ཉིན་གྱི་ཕྲི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་མཐོར་གཏོང་དང་སྤྲིན་རྩེའི་ཁྱིམ་གཞིས་ས་ཁང་གསར་སྤེལ་སོགས་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དང་རྣམ་གྲངས་པུའུ་རུ་བསྐྱོད་དེ་ལས་ཡུལ་དངོས་སུ་ཞིབ་བཤེར་དང་། ངོ་སྤྲོད་གསན་པ། རྩིས་ཐོར་ཞིབ་བཤེར། ཁ་པར་བརྒྱབ་ནས་ཟུར་བཤེར། བཞུཌ་མོལ་སྤེལ་རེས་སོགས་ཀྱི་རྣམ་པར་བརྟེན་ནས་གླ་ཆ་འགྱངས་ཆད་ཀྱི་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་བྱས་དོན། གླ་ཆ་འགྱངས་ཆད་ཀྱི་བཅོས་སྒྲིག་ལས་དོན་ནི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་འབྲེལ་བ་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཡང་འབྲེལ་བ་ཡོད་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གླ་ཆ་འགྱངས་ཆད་ཀྱི་བཅོས་སྒྲིག་ལས་དོན་དེ“འགོ་ཁྲིད་ཨང་དང་པོའི”ལས་གྲྭའི་མཐོ་གནས་སུ་བརྩིས་ཏེ་བཀོད་སྒྲིག་སྐུལ་འདེད་བཏང་སྟེ། གཏོགས་ཁོངས་གཞིར་བཟུང་ཁེ་ལས་ལ་དོ་དམ་དང་། སྡེ་ཚན་གྱི་བྱེད་པོའི་འགན་འཁྲི་དང་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་འཕྲེད་ཕྱོགས་མཉམ་ལས་དང་གཞུང་ཕྱོགས་མཐུད་སྦྲེལ་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་མ་ལག་ཅིག་ཆགས་དགོས། ཁུངས་སྣེ་མཐིལ་རྟོགས་གཏིང་ཟབ་བྱེད་པ་དང་། གླ་ཆ་འགྱངས་ཆད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཤར་གཏོང་། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་ལྟ་སྐུལ་ཚོད་འཛིན་དང་སྔོན་ཚུད་ཉེན་བརྡའི་ལས་སྟེགས་སོགས་ཆ་འཕྲིན་ཅན་གྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་རང་འགུལ་ངང་གནད་དོན་ཤེས་རྟོགས་བྱེད་དགོས། མཉམ་ཤུགས་གཅིག་བསྡུས་ཀྱིས་འགན་ཟླ་བསལ་ནས་ལོ་འཇུག་དང་ལོ་འགོའི་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དང་། སྲིད་གཞུང་། གཞུང་ཁོངས་ཁེ་ལས་བཅས་ཀྱི་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཡག་པོ་བྱེད་དགོས། དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བ་དང་། ལས་གནས་བརྟན་པོ་དང་གཏོང་སྤྲོད་འགན་ལེན་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་པ། ཐབས་ལམ་མང་པོ་ནས་རོགས་སྐྱོབ་དང་རོགས་སྐྱོར་བཅས་བྱས་ནས། ཞིང་པ་ལས་མིར་དུས་ཐོག་དང་གྲངས་ཚང་ངང་གླ་ཆ་རག་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།