དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བ།

    ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-06

    ཟླ་12ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་12ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཡོང་འབབ་འཆར་འགོད་རྩིས་བཤེར་ཁྲུའུ་ཡི་ལས་བྱེད་པ་དང་ལས་བཟོ་ཚོར་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

    ཟླ་12ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དང་མཉམ་འདྲེས་ཧུར་ཐག་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། རྒྱལ་མཚན། ལང་ཧྥུའུ་ཁོན། མོང་ཞའོ་ལིན་བཅས་ཕེབས་ཡོད་པ་རེད།

    12366ཁྲལ་འཇལ་ཞབས་ཞུ་ལྟེ་གནས་དང་ཡོང་འབབ་འཆར་འགོད་རྩིས་བཤེར་ཁྲུའུ་རུ་ཕེབས་སྐབས། ཝང་ཅུན་ཀྲེང་གིས་ལས་བྱེད་པ་དང་ལས་བཟོ་ཚོར་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་། ཁྲལ་བསྡུའི་གྲུབ་ཆ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཁྲལ་ཁུངས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་གནད་སྨིན་ཞབས་ཞུར་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ཁྲལ་གཉེར་གྲོན་འཇལ་གྱི་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་ཀའི་སྙན་སེང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་དང་གྲོས་འགོ་གསན་པ་དང་། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཁྲལ་དོན་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་དགོས། ཁྲལ་བསྡུ་ནི་དཔལ་འབྱོར་འཁོར་རྒྱུག་གི“ཆར་བརྟག་ཡོ་བྱད”ལྟ་བུ་ཡིན་པས་ཁྲལ་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་དོན་སྙིང་ཆེན་པོའང་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་ལེན་པ་དང་མཐའ་གསལ་མཐིལ་རྟོགས་ཀྱིས་སློབ་སྦྱོང་ལ་ཤུགས་ཆེན་པོ་རྒྱག་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཁྲལ་དོན་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྒྱུར་བཅོས་ལ་དམ་འཛིན་དང་། གསར་གཏོད་ལ་སྐུལ་འདེད། ཞབས་ཞུ་ལེགས་གཏོང་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཁྲལ་དོན་ལས་ཀའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང་ཁྲལ་དོན་ལས་ཀ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། ནོར་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོཌ་པ་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཁྲལ་དོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ཁྲལ་དོན་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནོར་ཤུགས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ནོར་གསོག་དང་ནོར་འཕེལ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཁྲིམས་དང་སྲིད་ཇུས་ལྟར་ཁྲལ་རིགས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་ཁྲིད་སྟོན་བྱེད་པ་དང་། ཐོན་ལས་ཀྱི་གཞི་ཁྱོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་དར་རྒྱས་གོང་སྤེལ། ཐོན་ལས་གསུམ་པར་རྒྱབ་སྐྱོར་ཧུར་ཐག ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སྐྱེད་སྲིང་། མཐུན་རྐྱེན་བཟང་པོ་བསྐྲུན་པ། ཁྲལ་ཁུངས་གསོ་འཁྱོངས་བཅས་བྱས་ཏེ་ཁྲལ་བསྡུའི་འཕར་གཞི་གསར་པ་བསྐྲུན་ནས་མིག་སྔར་དཔལ་འབྱོར་ལ་གསོན་ཤུགས་རྒྱས་པ་དང་མ་འོངས་པར་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། སྒྱུར་བཅོས་བྱས་ནས་ཁྲལ་དོན་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲལ་བསྡུ་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཤིང་། སྒྱུར་བཅོས་ཀྱི་བསམ་བློ་བརྟན་དུ་དང་སྒྱུར་བཅོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤྱི་ཚོགས་དྲང་སྙོམས། ཁྲོམ་ར་གཅིག་གྱུར་བཅས་ལ་ཕན་པ་ཡོད་པའི་ཁྲལ་བསྡུའི་ལམ་ལུགས་འཛུགས་རྒྱུར་དམིགས་པ། ཁྲལ་བསྡུའི་ལམ་ལུགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་དང་ཁྲིམས་སྒྱུར་བྱེད་སྟངས་གསར་གཏོད་ཧུར་ཐག་བཅས་བྱས་ཏེ་ཁྲལ་བསྡུའི་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དམངས་ཕན་ཁྲལ་སྒྲུབ་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་ཤིང་། མི་དམངས་ལ་ཞབས་འདེཌ་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། “དོན་དག་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པར”དམིགས་པ། ཚན་རྩལ་ལ་བརྟེན་ནས་དམག་འཐབ་ནུས་པ་དང་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཁོར་འབྲེལ་ཧྲིལ་པོར་དམངས་བདེ་དམངས་ཕན་གྱི་ཞབས་ཞུའི་མ་ལག་བསྐྲུན་ནས། དམངས་ཀྱི་བསམ་པ་དང་མཐུན་པའི་དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློར་བསྟུན་པའི་ལས་དོན་སྒྲུབ་དགོས། ཁྲིམས་ལྟར་ཁྲལ་སྐྱོང་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྲུང་སྐྱོང་དང་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་པའི་མཐོ་ཚད་ནས་གནད་དོན་ལ་བལྟས་ཏེ་ལས་དོན་ལ་དམ་འཛིན་བྱེད་པ་དང་། ཡོང་འབབ་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཡོང་འབབ་ཀྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ། གཞུང་དྲང་ཤེས་དཔལ་གྱི་ཁྲིམས་སྒྱུར་ཚད་ལྡན་ནན་པོ་བཟོ་བ་བཅས་བྱས་ཏེ། ཁྲལ་བསྡུའི་ཁྲིམས་སྒྱུར་ནུས་ཕྱོད་དང་ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་ཏན་ཏིག་གཏོང་དགོས། ཁྲལ་དོན་ལ་བརྟེན་ནས་བློ་འདྲི་མཐའ་འཁྱོངས་ཀྱིས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས། སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་ལ་དོ་ཁུར་དང་དབྱེ་ཞིབ་ཏན་ཏིག་བྱེད་པ་དང་། ཁྲལ་བསྡུའི་གྲངས་གཞིར་དབྱེ་ཞིབ་གཏིང་ཟབ་བྱེད་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་གནད་ལ་འཁེལ་བའི་ངང་མཚོན་པར་བྱེད་པ། བསམ་བློ་སྔོན་ལ་བཏང་ནས་གསོག་འཇོག་དང་དུས་ཐོག་ཏུ་སྲིད་ཇུས་རང་བཞིན་གྱི་གྲོས་འགོ་འདོན་པ། ཉེན་ཁ་སྣ་ཚོགས་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།