དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-02

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་དང་སྦྲགས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སོགས་ལ་གྲོས་བསྡུར་ཡང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ཀྱིས་སྲིད་གཞུང་གི་ལས་དོན་ངེས་པར་དུ་ཡག་པོ་བསྒྲུབས་ཏེ། ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ཀྱི་སྒོ་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལ་ཞིབ་བསྡུར་ཡག་པོ་བྱས་ནས“འཕྲལ་མར་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་བྱེད་པའི”སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་མུ་མཐུད་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ལོ་འཁོར་དམིགས་ཚད་མཐའ་གཅིག་ཏུ་ལེགས་སྒྲུབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པའི་ཐོག་དང་དཔལ་འབྱོར་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བར་བྱས་ནས། ཡིད་ཆེས་བརྟན་དུ་གཏོང་བ་དང་། གོ་སྐབས་དམ་འཛིན་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འཕར་འབོར་སྲིད་ཇུས་ཆ་ཚང་རྒྱུན་མཐུད་བེད་སྤྱོད་ཡག་པོ་བཏང་སྟེ། སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། འདི་ལོའི་དཔལ་འབྱོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲིག་ནན་ཏན་བྱས་ཏེ་ཡར་རྒྱས་བརྩོན་ལེན་གྱི་རྣམ་པའི་ཐོག་ནས་བཀོད་གཏོང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་མཐུད་བརྟན་དུ་བཏང་ནས། སང་ལོའི་དཔལ་འབྱོར་གྱི་འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཧུར་ཐག་འདིང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས། ཆེད་དོན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ཐོག་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གཙོ་གནད་ཁུལ་བཅས་ལ་དམ་པོར་དམིགས་ནས་འགལ་བ་དང་རྩོད་གཞི་ཧུར་ཐག་བསལ་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས། དམངས་འཚོའི་བྱ་བ་དངོས་དམ་འཛིན་ནན་པོ་བྱས་ཏེ་མི་སེར་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཡག་པོ་བཟོ་རྒྱུ་ནི་ལས་འགན་གལ་འགངས་ཆེ་བ་དང་། དཀའ་ཚེགས་ཆེ་བ། ཤུགས་རྐྱེན་གཏིང་ཟབ་པ་ཞིག་རེད། འབྱུང་འགྱུར་གྱི་ཁ་ཕྱོགས་ཡང་དག་བཙལ་ཐོག་ཏང་དང་རྒྱལ་ཁབ་ཀྱིས་བོད་ལ་གནང་བའི་འཐབ་ཇུས་ངེས་གནས་དང་བསྡུར་ནས་བོད་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་། སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན། ལས་གྲྭའི་རྣམ་གྲངས་གལ་ཆེན། དེ་བཞིན་སྲིད་ཇུས་གལ་ཆེན་བཅས་དེ་བས་མང་བར་དམིགས་དགོས། ལས་ཀའི་གཙོ་གནད་ལ་དམིགས་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དགོས་གཏུགས་ཆེ་ཤོས་དང་ཞན་ཆ་མངོན་གསལ་དོད་ཤོས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་ལ་དམིགས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་གསེད་དཀྲོལ་ནན་ཏན་བྱས་ནས། དུས་རབས་ཀྱི་བླང་བྱ་དང་འཚམ་ལ་ལག་ལེན་བསྟར་ཆོག་པའི་དམིགས་ཚད་འདོན་དགོས། ལས་ཀའི་མཚམས་ཚིགས་སྟངས་འཛིན་ཡང་དག་བྱས་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་གཏན་འཁེལ་ཟིན་པའི་ལས་འགན་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་ས་གནས་ཀྱི་འཆར་འགོད་མགྱོགས་མྱུར་བཟོ་འགོ་འཛུགས་དགོས། ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཟོས་ཏེ་གོང་ནས་འོག་བར་དང་འོག་ནས་གོང་བར་ཟུང་འབྲེལ་དང་། འཐབ་ཇུས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཟུང་འབྲེལ། གཞན་རྟེན་དང་རང་རྟེན་ཞིབ་འཇུག་བྱ་རྒྱུ་ཟུང་འབྲེལ་བཅས་ཐུབ་པར་བྱས་ནས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོན་པོས་འཆར་འགོད་བཟོ་བའི་ལས་དོན་ཡག་པོ་སྒྲུབ་དགོས།

    ཚོགས་འདུའི་ཐོག་ད་དུང་གྲོང་སྡོད་དང་དགོན་སྡོད་སོགས་མི་སྣའི་ཚོགས་པའི་བསམ་ཡུལ་ལས་འདས་པའི་འགན་བཅོལ་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས། ཨར་སྐྲུན་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།