དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    ཟླ་11ཚེས་26ཉིན་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པ(གཤམ་དུ“འཁོར་འབྲེལ་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)པེ་ཅིང་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལིའུ་པོ་ཁྲེང་གིས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་འགོ་ཚུགས་ལ་ཞུགས་པ་རེད།

    ལིའུ་པོ་ཁྲེང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་མ་འཇོག་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། འོས་སྦྱོར་ཚོགས་འདུ་ཚོགས་པའི་དམིགས་ཡུལ་ནི་འཁོར་འབྲེལ་དངོས་མང་སྟོན་ཚོགས་ནང་ཞུགས་མཁན་ཁེ་ལས་དང་དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་ཁེ་ལས་ལ་བོད་ཀྱི་ནུས་རྒྱུ་གཙང་མ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན། མཐོ་གསར་གྲངས་འཛིན་སོགས་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད་དང་། མ་འཇོག་སྲིད་ཇུས། གཙོ་གནད་ཚོང་འགུགས་རྣམ་གྲངས་བཅས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་མ་འཇོག་ངོ་འཕྲད་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་རེད།

    དེའི་རིང་ལིའུ་པོ་ཁྲེང་གིས་ད་དུང་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་ལས་ཁང་ལ་ལྟ་སྐོར་ཞིབ་ཕྲ་གནང་ཞིང་། རང་ལྗོངས་ཀྱི་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱིས་འཁྱེར་ཡོང་བའི་ཐོན་རྫས་ལ་གཟིགས་སྐབས་ལིའུ་པོ་ཁྲེང་གིས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་འགྲེམས་ཚོགས་ཐོག་གི་ཐོན་རྫས་ཀྱི་འགྲེམས་སྟོན་དང་། ཐོན་སྐྱེད། གསར་གཏོད། བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།