ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཀརྨ་ཚེ་བརྟན་དང་། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཞུགས་པ།
● ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་བསམ་བློའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
ཚེས་21ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། རིག་གནས་ཀྱི་འགན་འཁྲི་གསར་པ་རང་རྟོགས་ངང་འཁུར་བ་དང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་མཐུན་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ་སོགས་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་གསལ་མཐིལ་རྟོགས་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་།ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་ཏང་གི་རིག་གནས་ཀྱི་འགོ་ཁྲིད་དབང་ཆ་མཐའ་འཁྱོངས་བྱེད་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་དང“ཟུང་འབྲེལ་གཉིས”ཀྱི་གཞི་རྩའི་བླང་བྱར་སྐུལ་འདེད་གཏོང་བ། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གླེང་ཕྱོགས་ཀྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་བྱས་ཏེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་རྒྱ་ཁྱབ་སྒྲིལ་བ། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ། ཀྲུང་གོའི་གཏམ་བཤད་དང་ཀྲུང་གོའི་དོན་བརྗོད་མ་ལག་འཛུགས་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཅུ་གཅིག་ཐད་ཀྱི་བསམ་བློའི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་སྟངས་འཛིན་ཡང་དག་བྱས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་མི་དམངས་ལྟེ་བར་འཛིན་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་པ། མི་དམངས་ཀྱི་བྱེད་པོའི་གནས་བབ་དང་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བཅས་བྱས་ཏེ་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། གཞུང་འཁྱོངས་དང་གསར་འབྱེད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་གནའ་བཟང་དེང་སྤྱོད་དང་། ཕྱི་བཟང་ཀྲུང་སྤྱོད། རྩོད་སྒྲུབ་འདོར་ལེན། རྙིང་འབུད་གསར་འདོན་བཅས་མཐའ་འཁྱོངས་ཀྱིས་གཞུང་འཁྱོངས་གསར་འབྱེད་ཀྱི་སྲོལ་བཟང་དང་ངར་ཤུགས་ལ་བརྟེན་ནས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བའི་དེང་རབས་ཀྱི་ལེའུ་རྩོམ་དགོས་པ། མི་རིགས་རང་བཞིན་དང་འཛམ་གླིང་རང་བཞིན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། ཤེས་དཔལ་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་གཏམ་བཤད་དང་ཀྲུང་གོའི་དོན་བརྗོད་མ་ལག་འཛུགས་པ་བཅས་བྱས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་རྒྱུན་མཐུད་ཡག་པོ་ཤོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པར་བརྟེན་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མང་ཚོགས་ལ་དྲིལ་བསྒྲགས་དང་གཞི་རིམ་ལ་དྲིལ་བསྒྲགས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་བསྟར་ཏེ་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་ལས་དོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་རྒྱལ་ཁབ་ཚུལ་བཞིན་སྐྱོང་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་སྐྲུན་དགོས། སྟབས་བསྟུན་སྣ་མང་གི་བྱ་ཐབས་ཐོག་ནས་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཕྱི་ཕྱོགས་ལ་ཁྱབ་སྤེལ་གྱི་འདུ་ཤེས་དང་། བྱེད་སྟངས། གཞི་རྟེན་བཅས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་སྒྲོག་སྤེལ་གྱི་ཚན་རིག་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ། “ཧི་མ་ལ་ཡ་སྐོར་བའི”གླེང་སྟེགས་དང་། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས། “བོད་ལྗོངས་འགྲེམས་ཚོགས”སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྣམ་པ་སྣ་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་གཏིང་ཟབ་སྤེལ་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་འདི་ཉིད་འཛམ་བུ་གླིང་དུ་གང་མགྱོགས་སྐྱོད་པ་དང་འཛམ་གླིང་གིས་བོད་ལ་དེ་བས་ཤེས་རྟོགས་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་རིམ་ཁག་ཏང་ཨུད་ཀྱིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རིག་གནས་འཛུགས་སྐྱོང་གི་འགོ་ཁྲིད་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། རིམ་ཁག་དྲིལ་བསྒྲགས་དང་བསམ་བློ་རིག་གནས་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རིམ་པ་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱི་དྲིལ་བསྒྲགས་སྟོབས་ཤུགས་ལ་གཅིག་འདོམས་མཐུན་སྦྱོར་བྱས་ནས་དྲིལ་བསྒྲགས་ཆེན་པོའི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་འདེམས་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཤེས་ལྡན་པ་ཕུལ་བྱུང་གི་ནུས་རྩལ་ཀུན་འདོན་གྱི་ལས་ཀའི་ལམ་སྲོལ་གང་ཐུབ་ཆགས་པར་བྱེད་དགོས། ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། འགན་འཁུར་ཕོད་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པ་འགོ་ཁྲིད་ཀྱི་ལས་གནས་སུ་འདེམས་བསྐོ་བྱས་ནས། གང་དེའི་དགེ་མཚན་འདོན་ཐུབ་པ་དང་བསྐོ་སྤྱོད་བབ་དང་མཐུན་པར་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ལས་ཀའི་ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་དགོས་པ་དང་། “འཕྲལ་མར་སྒྲུབ་པ་དང་དམ་པ་དོན་གཉེར”གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་འགོག་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་འགན་ཁག་རྒྱུན་ཆད་མེད་པར་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།