ཝང་ཅུན་ཀྲེང་གིས་ཀྲུང་གོ་ཧྭ་ནེང་ཚོགས་པའི་ཏུང་ཧྲི་ཀྲང་དབུན་ཧྲུའུ་ཀང་དང་བཞུགས་མོལ་གནང་བ།
ཀརྨ་ཚེ་བརྟན་དང་ཁྲེན་ཡུང་ཆི་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དབུན་ཧྲུའུ་ཀང་བཅས་པ་དང་བཞུགས་མོལ་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། འདི་ནི་བཞུགས་མོལ་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དབུན་ཧྲུའུ་ཀང་བཅས་པ་དང་བཞུགས་མོལ་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཁྲེན་ཡུང་ཆི། ཀུང་ཧུའེ་ཚའེ་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དབུན་ཧྲུའུ་ཀང་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ། ཀྲུང་གོ་ཧྭ་ནེང་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀྲུང་གོ་ཧྭ་ནེང་ཚོགས་པ་ནི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཤིག་ཡིན་པ་དང་། བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ཁར་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད། བོད་ཀྱིས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་ཐད་ཀྲུང་གོ་ཧྭ་ནེང་ཚོགས་པས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ནུས་རྒྱུ་གཙང་མ་ནུས་ཆེ་དང་རྒྱུན་མཐུད་ཆོག་པའི་ངང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གསར་སྤེལ་དང་འདྲེན་སྤྱོད་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ། གློག་དྲ་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། བོད་གློག་ཕྱིར་གཏོང་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རམ་འདེགས་བྱེད་པ་དང་། ཤེས་ལྡན་པ་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁ་གཏད་རོགས་ལས་གཏིང་ཟབ་བྱེད་པ་དང་། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། ལས་བྱེད་པ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕུལ་བྱུང་ཤེས་ལྡན་པ་བོད་དུ་བྱས་རྗེས་འཇོག་པར་འདེམས་གཏོང་བྱེད་པ། “བརྒྱུད་རོགས་ཁྲིད་གསུམ”ཧུར་ཐག་བྱེད་པ། རྒྱ་ཆེའི་ཤེས་ལྡན་ལས་བྱེད་པ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞུགས་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་པ། ཀྲུང་དབྱང་དང་ས་གནས་དབར་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ་དང་། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་གནས་སློབ་གསོ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་པ། བོད་ལ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རོགས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དེ་བས་མང་བ་ཐོབ་པ་བཅས་བྱེད་པའི་རེ་བ་ཡོད། བོད་ཀྱིས་གཞུང་ཁོངས་ཁེ་ལས་ཆེ་གྲས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ཏེ། སྤུས་ལེགས་ཀྱི་ཞབས་ཞུ་འགན་ལེན་ཟམ་མི་ཆད་པར་བྱེད་ཀྱི་ཡིན།
དབུན་ཧྲུའུ་ཀང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོ་ཧྭ་ནེང་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁེ་ལས་འཕེལ་རྒྱས་དང་གཉེར་སྐྱོང་གི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས། ཀྲུང་གོ་ཧྭ་ནེང་ཚོགས་པས་ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བཟུང་ནས་བོད་ཀྱི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། ཐོན་ལས་མ་ལག་གི་ལེགས་ཆ་འདོན་པ། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དཔྱད་གཞིར་འཛིན་པ། ནུས་རྒྱུ་གཙང་མ་གསར་སྤེལ་དང་ཤེས་ལྡན་པའི་ལག་རྩལ་བོད་སྐྱོར་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཧྭ་ནེང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།