དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་གཞིས་རྩེར་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་བ།

    ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་སྤེལ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་བཀྲ་ཤིས་དགེ་འཕེལ་དགོན་དུ་ཕེབས་ནས་བརྟག་ཞིབ་གནང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་བརྟག་ཞིབ་གནང་རྗེས། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་སྤེལ་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་དགོན་སྡེར་བརྟག་ཞིབ་གཏིང་ཟབ་གནང་བར་ཕེབས་པ་དང་སྦྲཌ། གྲྭ་བཙུན་རྣམས་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་རེད། བཀྲ་ཤིས་དགེ་འཕེལ་དགོན་ནི་བཞད་མཐོང་སྨོན་རྫོང་དུ་གནས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་དགོན་སྡེ་དེས་དགོན་སྡེའི་དོ་དམ་དང་། དགོན་སྡེའི་ལོ་རྒྱུས། རིག་དངོས་སྲུང་སྐྱོབ་སོགས་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས“འདུ་ཤེས་གསུམ”གྱི་སློབ་གསོ་སྔར་བས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་དང་ཉམས་མྱོང་དང་བྱེད་སྟངས་བཟང་པོར་ཕྱོགས་སྡོམ་དང་རིམ་སྤོར་བྱས་ཏེ། དགོན་སྡེའི་དོན་དངོས་དང་ཟུང་འབྲེལ་གྱིས“ལམ་སྲོལ་ཁག་དྲུག”བཟོ་བ་དང་། གྲྭ་བཙུན་གྱི་ཕྱོགས་བསྡུས་དཔྱད་ཞིབ་འཐུས་སྒོ་ཚང་དུ་གཏོང་བ། གྲྭ་བཙུན་ཚོས་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་སྡོམ་བྱེད་པ་སོགས་ཀྱི་ལས་དོན་ལ་ཕྱོགས་སྡོམ་ཞུན་བརྡར་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུཌ་སྣོན་བརྒྱབ་ནས་ཆོས་ལུགས་ལས་དོན་སྒྲུབ་པའི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པ་དང་། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་གཏན་ཅན་བཅས་ལ་སྐུལ་འདེད་གཏོང་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་ཀའི་འགན་ནུས་ཆེ་རུ་གཏོང་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཆོས་ལུགས་ལས་དོན་དེ“དོ་དམ་ཐུབ་པ”ནས“དོ་དམ་ཡག་པོ་ཐུབ་པའི”ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་། ཝང་ཅུན་ཀྲེང་གིས་དགོན་སྡེ་དེར《བཀའ་འགྱུར》དང《བསྟན་འགྱུར》སོགས་རིག་དངོས་གནའ་དཔེ་ཉར་ཚཌ་བྱས་ཡོད་པ་རྟོག་ཞིབ་གནང་ནས་མཁྱེན་སྐབས། རིག་དངོས་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་སྲུང་སྐྱོབ་ཀྱི་ཚན་རྩལ་འདུས་ཚད་དང་སྒྲིག་ཆས་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། རྩ་ཆེའི་གནའ་དཔེ་དང་རིག་དངོས་ཐོན་ཁུངས་ཀྱི་གསོན་ཤུཌ་འཕེལ་བ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་ཏེ་ལོ་རྒྱུས་ཀྱི་རྗེས་ཤུལ་དང་ཤེས་དཔལ་གྱི་རྩ་བ་མི་ཉམས་པ་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་དགོན་སྡེ་དེས་གྲྭ་བཙུན་སྒྲིག་འཛུཌ་བྱས་ཏེ་ལྗོངས་ཕྱིར་སློབ་སྦྱོང་དང་ལྟ་སྐོར་ལ་བསྐྱོད་པར་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་བོད་ཀྱི་ཆོས་ལུགས་ལས་རིགས་དང་ལྗོངས་ཕྱིའི་དབར་སྤེལ་རེས་དང་སློབ་སྦྱོང་ལ་ཤུཌ་སྣོན་རྒྱག་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། དེ་ལས་མི་རིཌ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་སྔར་བས་བསྐྲུན་ཐུབ་ངེས་རེད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་གྲུབ་རྗེས། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་སྟེ། ཁོང་གིས་བོད་དུ་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་བ་དང་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་ཤིང་། ཝང་ཅུན་ཀྲེང་གིས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ལས་འགན་སྒྲུབ་པར་ཕེབས་ཚུན། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། “འདུ་ཤེས་གསུམ”སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་དབར་འབྲེལ་འདྲིས་རྒྱ་ཁྱབ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། དད་ལྡན་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་དགེ་མཚན་དང་ཕན་འབྲས་ལྡན་པའི་ལས་དོན་བསྒྲུབས་ཡོད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་གོ་བ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་སྟེ་འདུལ་ཁྲིམས་དང་བསྟན་དོན་ལ་གོ་བདེ་ཤེས་སླ་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་གསལ་འགྲེལ་རྒྱག་པ། བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངཌ་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོཌ་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དེ་རྒྱལ་ཁབ་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་དང་ཟུང་འབྲེལ་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།