དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཚོགས་འདུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-16

    ཚེས་14ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཚོགས་འདུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་བོད་སྐྱོར་ལས་བྱེད་པ་དང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཝང་གོ་ཝུན་གྱིས་གདན་ཞུས་ལྟར་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    ལའེ་ཅའོ་ཡིས། རྩ་འཛུགས་སྡེ་ཚན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། ལས་བྱེད་པ་དང་། རྩ་འཛུགས། སྒྲིག་ཁོངས། བོད་སྐྱོར། ཤེས་ལྡན་པ། ཏང་ཡོན། རང་ངོས་འཛུགས་སྐྱོང་བཅས་ལ་མཉམ་དུ་ཤུགས་བརྒྱབ་ནས་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་ཐུབ་པ་བྱེད་དགོས་པ་དང་། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་དང་ལས་བྱེད་པའི་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་ལྟ་བ། ཁྲིམས་སྐྱོང་གི་བསམ་བློ། ཁྲིམས་སྐྱོང་གི་བྱང་ཚད། ཁྲིམས་སྐྱོང་གི་དགོངས་པ་བཅས་ཟབ་ཏུ་གཏོང་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ཁྲིམས་སྐྱོང་གི་ཆེད་དོན་དཔུང་ཁག་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྲིད་ཁྲིམས་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཏོན་ནས་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་ཡོང་བ་དང་། འཕེལ་རྒྱས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། འགལ་བ་དང་རྩོད་གཞི་སེལ་བ། སྤྱི་ཚོགས་ཞི་མཐུན་ཡོང་བའི་འགན་ལེན་བཅས་བྱེད་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།