དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནག་ཆུར་ཕེབས་ནས་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ།

    ཀྲང་ལིས་རུ་སྣེ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-15

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ནག་ཆུ་གྲོང་ཁྱེར་གྱི་སྙན་རོང་རྫོང་དང་གསེར་རྙེད་ཆུས་སོགས་སུ་ཕེབས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་དང་ནག་ཆུའི་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ་དང་སྦྲགས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྙན་རོང་རྫོང་གི་འགན་ལེན་ལྔའི་བསྙེན་བཀུར་ལྟེ་གནས་དང་། ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་རྒན་གསོ་ཟུང་འབྲེལ་ཞབས་ཞུའི་ལྟེ་གནས། བྱིས་པའི་ཕན་བདེ་ཁང་སོགས་སུ་བསྐྱོད་དེ་དེ་གའི་རྒན་རྒོན་དང་སྤེལ་རེས་བྱས་པ་དང་འབྲེལ། ཕྲུ་གུ་ཚོའི་བཟའ་བཏུང་དང་། ཞག་སྡོད། སློབ་སྦྱོང་བཅས་ཀྱི་གནས་ཚུལ་ལ་ཡང་ལྟ་ཞིབ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག རྒྱལ་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་བཅོ་ལྔ་པའི་བཀོད་སྒྲིག་བླང་བྱ་ལྟར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། དམངས་སྲིད་སྒྱུར་བཅོས་ཚན་རིག་དང་མཐུན་པར་ཇུས་འགོད་དང་དམངས་སྲིད་སྲིད་ཇུས་དོན་འཁྱོལ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།