དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-09

    ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་ལྷ་སར་བརྟག་ཞིབ་གནང་བ་རེད།

    ཁྲེན་ཡུང་ཆི་དང་། རེན་ཝེ། ཞུས་ཀྲེ་ཐའོ་བཅས་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།

    ཀླུ་སྒུག་སྡེ་ཁུལ་ནི་བར་སྐོར་གནའ་གྲོང་གི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་སྡེ་ཁུལ་ཞིག་ཡིན་པ་དེར་ཡུན་རིང་མ་སོང་གོང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    ཀརྨ་ཚེ་བརྟན་གྱིས་སྡེ་ཁུལ་གྱི་ལས་དོན་སྤེལ་ཚུལ་དང་གནའ་གྲོང་སྲུང་སྐྱོང་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རྟེན་གྱི་ལས་སྟེགས་ཡག་པོ་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས་པ་དང་། ལས་ཞུགས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་ལས་ཞུགས་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཀརྨ་ཚེ་བརྟན་གྱིས་ད་དུང་དུད་ཚང་དུ་ཕེབས་ནས་མང་ཚོགས་སྤེན་པ་སྒྲོལ་དཀར་ལ་གཟིགས་པ་དང་འབྲེལ་ལས་ཀ་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་ཞིང་། ཁོང་གིས་སྡེ་ཁུལ་གྱི་ལས་དོན་པར་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ། སྡེ་ཁུལ་གྱི་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ། ཚང་མར་ལྟ་སྟངས་གཅིག་པ་འཛིན་པ། སྔར་རྒྱུན་བཞིན་ཐག་གཅོད་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་དགོས་པའི་མངགས་བཅོལ་གནང་བ་རེད།

    དགུན་ཁ་ཤར་བ་དང་སྦྲགས་གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བཞིན་ཡོད་པས་དྲོད་རླངས་མཁོ་འདོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མང་ཚོགས་ཀྱི“དྲོ་སྐྱིད་ཀྱི་སྟོན་གྲངས”དང་འབྲེལ་བ་ཡོད། ཀརྨ་ཚེ་བརྟན་ལྷ་ས་གྲོང་ཁྱེར་སེམས་དྲོད་ཚ་ནུས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ་སོལ་རླངས་གྲབས་གསོག་དང་། བདེ་འཇགས་ཐོན་སྐྱེད། འཕྲལ་སྒྲུབ་འགན་ལེན་སོགས་ཀྱི་གནས་ཚུལ་ཆ་ལག་ཚང་པོས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་དགུན་དུས་དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། དྲོད་རླངས་མཁོ་འདོན་གྱི་དུས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་བདེ་འཇགས་ཐོན་སྐྱེད་ཡོད་པ་བྱེད་པ། སེམས་ནུས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོ་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་ཕུ་མདོ་ཆུ་འདྲེན་ལས་གྲྭ་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་འཆར་འགོད་འཛུགས་སྐྲུན་བྱས་པའི་གཙོ་གནད་རྐང་འཛིན་ཆུ་བེད་ལས་གྲྭ་ཞིག་རེད། དོག་སྡེ་ལམ་གྱི་རྣམ་གྲངས་ས་ཚིགས་སུ་ཀརྨ་ཚེ་བརྟན་གྱིས་རྣམ་གྲངས་ཀྱི་མྱུར་ཚད་དང་མ་དངུལ་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆུའི་བདེ་འཇགས་དང་། ཆུའི་སྐྱེ་ཁམས། ཆུའི་དཔལ་འབྱོར། ཆུའི་དམངས་འཚོ་བཅས་སྤྱི་འདོམས་བྱས་ཏེ་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་དང“ཆུའི་ལས་དོན”ཡག་པོ་བསྒྲུབས་ནས་གཙང་པོ་དང་མཚོའི་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་ཆེའི་རྒྱུ་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ངོ་ཡོད་ལས་འབོར་སྔར་ལས་མང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་དུས་ཚིགས་བཞི་པ་དང་སང་ལོ་ལས་འགོ་འཛུགས་པའི་རྣམ་གྲངས་གསེད་བཀྲོལ་ནན་ཏན་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་དུས་འགོའི་ཞིབ་འཇུག་སྒྲིག་འཛུགས་བྱས་ནས་སྤེལ་བ། རྣམ་གྲངས་ཇུས་འགོད་དང་གདམ་གསེས་གྲབས་གསོག་ལས་དོན་ཡག་པོ་སྒྲུབ་པ། གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་དང་རིམ་པ་བཞིན་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་རྣམ་གྲངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་ཕྱོགས་བསྡུས་ཆེན་པོ་དང་། སྤྱི་འདོམས་ཆེན་པོ། སྙོམས་སྒྲིག་ཆེན་པོ་བཅས་ཀྱི་འགན་ནུས་གལ་ཆེན་གང་ལེགས་བཏོན་ནས་རིག་མཛོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ལ་དམ་འཛིན་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཏང་ཨུད་དང་སྲིད་གཞུང་གི་ཇུས་འདོན་ལས་རོགས་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།