དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-07

    ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། རྒྱང་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་མདུན་སྐྱོད་བྱེད་པར། ང་ཚོས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཕྱོགས་ཡོངས་ནས་ཡང་ཡང་བསྡུར་བ་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྐབས་རིམ་བྱུང་གི་ཚན་ཁག་གིས་བཏིང་བའི་རྨང་གཞིའི་ཐོག་འཆར་གཞི་གཅིག་མཐར་ཕྱིན་པ་འགོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལས་དོན་རེ་རེ་བཞིན་སྒྲུབ་པ། ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་མཐའ་གཅིག་ཏུ་བྱས་ཏེ་རྩ་འཛིན་ལ་གཞིགས་ནས་དམ་འཛིན་དང་། ཞིབ་ཕྲར་དོན་འཁྱོལ། ཕན་འབྲས་དངོས་ཐོན་པ་བཅས་དངོས་འབྲེལ་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར“ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་དགོས” ཆབ་སྲིད་ཀྱི་གཤིས་རྒྱུད་གསོ་སྐྱོང་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་པོར་བརྟེན་ནས་ལྷག་བསམ་རྣམ་དག་གཏོད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོར་བརྟེན་ནས་ལྷག་བསམ་རྣམ་དག་ལ་ཞུན་བརྡར། ཡིན་མིན་ཆེན་པོའི་གནད་དོན་གྱི་ལངས་ཕྱོགས་ངེས་ཤུགས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ལ་ཞིབ་བཤེར། སྒེར་སེམས་མེད་པ་དང་ཞུམ་མེད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ལ་གསལ་འགྲེལ་བཅས་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་སྒྲུབ་ནུས། མང་ཚོགས་ཀྱི་རེ་འདུན། འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་དམིགས་ཏེ་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས། གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“གསར་གཏོད་བཞིར”ཤུགས་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཇི་མ་ཇི་བཞིན་གཏོང་དགོས། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར“འགན་ཁུར་ནས་བྱ་བ་སྒྲུབ་དགོས” གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་བྱ་ཐབས་གསར་པ་སྤྱོད་མཁས་པོ་དང་ལམ་བུ་གསར་པར་སྐྱོད་མཁས་པོ་བྱས་ཏེ་མི་སེར་ཚོར་མིག་མཐོང་ལག་ཟིན་ཐུབ་པ་དང་དངོས་ཕན་ཐོབ་པའི་བྱ་བ་དངོས་མང་ཙམ་སྒྲུབ་དགོས། འགན་འཁྲི་འཁུར་ཕོད་པ་བྱེད་པར་སྤྱི་ཡོངས་ལ་ཇུས་འགོད་བྱེད་མཁས་པོ་དགོས་ལ་རང་འབད་རང་སྒྲུབ་ཀྱང་བྱེད་དགོས། སྒྲུབ་དགོས་རིགས་ཀྱི་དོན་དག་ཡིན་ཕྱིན་ནར་འགྱངས་མི་གཏོང་བར་མཐའ་གཅིག་ཏུ་སྒྲུབ་དགོས་པ་དང་། སྒྲུབ་ཐུབ་རིགས་ཀྱི་དོན་དག་ཡིན་ཕྱིན་སྒུག་ནས་མི་སྡོད་པར་འཕྲལ་མར་སྒྲུབ་དགོས་པ། སྒྲུབ་དཀའ་རིགས་ཀྱི་དོན་དག་ཡིན་ཕྱིན་མཚམས་མི་འཇོག་པར་ཐབས་ཤེས་བཙལ་ནས་སྒྲུབ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགན་ཁུར་ཐུབ་མཁན་ལ་འགན་ཁུར་དུ་འཇུག་པ་དང་། འགན་ཁུར་མཁན་ལ་འགན་ཁུར་དུ་འཇུག་པ། ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བཅས་བྱས་ཏེ། ལས་བྱེད་པའི་བློ་ཁ་དངོས་གནས་ལས་སྒྲུབ་ལས་གཏོད་ཐད་ཕྱོགས་པ་དང་། སེམས་ནུས་དངོས་གནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་སྤྱོད་དུ་འཇུག་དགོས། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར“མཐུན་སྒྲིལ་བྱས་ནས་བྱ་བ་མཉམ་དུ་སྒྲུབ་དགོས” བསམ་བློའི་ཐད་སེམས་མཐུན་དང་། ལས་ཀའི་ཐད་མཐུན་སྦྱོར། བྱ་སྤྱོད་ཐད་མཉམ་ལས་བཅས་བྱས་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། བྱ་བ་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་གལ་ཆེན་བཀའ་འབྱོར་འཕྲལ་སྒྲུབ་དང་བྱ་སྤྱོད་དངོས་སྤེལ་དགོས། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར“བྱ་བ་གཙང་མར་སྒྲུབ་དགོས” ཚན་ཁག་གི་ཁོངས་མིས་རང་གཅུན་ནན་པོ་དང་། འགན་འཁྲི་ནན་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ནས། སྣེ་ཁྲིད་དེ་སྤྱོད་གཙང་རང་འདོམས་དང་སྣེ་ཁྲིད་དེ་འགན་འཁྲི་ཁུར་ཕོད་པར་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་སྟོན་པ་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་པའི་སྣེ་ཁྲིད་ཀྱི་ཕན་ནུས་ཤིག་ཆགས་པར་བྱེད་དགོས། རྩ་དོན་དང་། སྒྲིག་ལམ། ཚད་གཞི་བཅས་ལ་སྣང་ཆེན་བྱས་ཏེ། འབྲེལ་ཚོམས་དང་། གྲོགས་ཚོམས། འཚོ་བའི་འཁོར་རྒྱ་བཅས་མུ་མཐུད་གཙང་དུ་བཏང་ནས་མི་གཤིས་དང་། ལ་རྒྱ། མཐའ་ཚད་བཅས་རྒྱུན་འཁྱོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།